འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། དགུན་དུས་སུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དབུན་ཅང་ཆུས་ལུའུ་ཅ་ཐན་འདམ་རའི་སྤྱི་གླིང་དུ་ཆུས་ཀྱི“ཉི་མ་མེ་ཏོག”གཞི་རིམ་སྒྲོག་འགྲེལ་རུ་ཁག་གི་རུ་མི་ལི་ཧྥེང་གིས་དབུན་ཅང་ཆུས་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དྲངས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསོན་ཉམས་དོད་པོས་སྒྲོག་འགྲེལ་བྱས་པ་རེད། དབུན་ཅང་ཆུས་དབན་ཁྲུན་གྲོང་རྡལ་ཀའོ་ཧྲན་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཡན་ཙེ་ཅུས་ཀྱིས་ཉན་རྗེས། སྒྲོག་འགྲེལ་རུ་མི་དང་མང་ཚོགས་ཀྱིས་སྟབས་བདེའི་ངང་དོན་དག་ཤོད་པ་དང་གོ་བདེའི་ངང་གནས་ལུགས་བརྗོད་པའི་ཐོག་ནས་སྒྲོག་ཙེ་གཅིག་དང་རྐུབ་སྟེགས་ཁ་ཤས་སྒྲོག་འགྲེལ་བྱ་ཡུལ་དུ་བྱས་ཏེ་དོན་དག་ཆུང་ཙག་ནས་བརྗོད་དོན་གཙོ་བོ་གླེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་ཐུབ་པར་བྱས་ཡོད་ཅེས་གདེང་འཇོག་བྱས་ནས་བཤད་པ་རེད།
ཟླ་11པའི་ཟླ་འགོ་ནས་བཟུང་སི་ཁྲོན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ཡན་ལག་ཚོགས་པ་15ལ་བགོས་པ་དེའི་ནང་གྲོང་ཁྱེར(ཀྲོའུ)གྱི་སྒྲོག་འགྲེལ་ཚོགས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྒྲོག་འགྲེལ་ཡན་ལག་ཚོགས་པ། མཐོ་སློབ་ཀྱི་སྒྲོག་འགྲེལ་ཡན་ལག་ཚོགས་པ། ཁེ་ལས་ཀྱི་སྒྲོག་འགྲེལ་ཡན་ལག་ཚོགས་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གཞོན་ནུའི་སྒྲོག་འགྲེལ་ཡན་ལག་ཚོགས་པ། ངལ་རྩོལ་དཔེ་བཟང་བ་དང་ལག་ཤེས་པའི་སྒྲོག་འགྲེལ་ཡན་ལག་ཚོགས་པ་སོགས་ཚུད་ཡོད་པ་དང་དེ་དག་གིས་ས་ཁུལ་དང་སྡེ་ཚན་ཁག་ཏུ་བསྐྱོད་དེ་གཅིག་སྡུད་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་གྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་ཆེད། ད་དུང་རིགས་གཅིག་མཁས་ཅན་དང་མཁས་དབང་153བདམས་ནས་སྒྲོག་འགྲེལ་རིགས་གཅིག་མཁས་ཅན་གྱི་མཛོད་བཙུགས་པ་དང་། སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོ་13ལ་གཞིགས་ནས་སྒྲོག་འགྲེལ་གྱི་ཁ་བྱང་153གཏན་འཁེལ་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་ལ་རང་ངོས་ཀྱི་དགོས་མཁོར་གཞིགས་ནས“ཚལ་ཐོ་རྣམ་པའི”སྒྲོག་འགྲེལ་བྱས་པ་རེད།
སྒྲོག་འགྲེལ་གྱི་ཕན་ནུས་ཆེ་རུ་གཏོང་ཆེད། སི་ཁྲོན་ཞིང་ཆེན་གྱིས་ད་ཐེངས་ཀྱི་སྒྲོག་འགྲེལ་རུ་མི་ཚོས་ཞིང་ནང་མུ་ཁ་དང་། གྲོང་ཚོའི་སྡེ་ཁུལ། ཐོན་ལས་རྟེན་གཞི། བཟོ་གྲྭའི་འཁོར་ཁང་། རིག་གནས་ཐང་ཆེན། སློབ་གྲྭ་དང་སྨན་ཁང་སོགས་གཞི་རིམ་གྱི་འཐབ་ས་དང་པོར་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོ་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཏང་ཡོན་དང་། ལས་རྣམ་གསར་པའི་ལས་ཞུགས་ཚོགས་སྤྱིའི་ཏང་ཡོན། སྐོར་སྐྱོད་ཏང་ཡོན། ཏང་ཡོན་རྒན་གྲས། ལས་བྲལ་ལས་ཤོར་ཏང་ཡོན་སོགས་ཏང་ཡོན་ཚོགས་སྤྱིར་གཙོ་གནད་ཐོག་ཁྱབ་པར་བྱས་ནས་དངོས་ཡོད་དང་ཕན་འབྲས་ལྡན་པའི་ངང་ཕྱོགས་ཡོངས་ལ་ཁྱབ་པ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད་པ་རེད།
མང་ཚོགས་གང་དུ་ཡོད་ན་སྒྲོག་འགྲེལ་བྱ་ཡུལ་དེ་གར་སྣུར་སྲིང་བྱས་ནས་སྒོ་ར་དང་། རྩྭ་ཐང་། ཞིང་ནང་མུ་ཁ་སོགས་ཚང་མ་སྒྲོག་འགྲེལ་བྱ་ཡུལ་དུ་བྱས་ཡོད། སི་ཁྲོན་གྱིས་ད་དུང“ཡུལ་གཅིག་ལ་སྤུས་རྟགས་གཅིག”གི་གཞི་རིམ་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་སྤུས་རྟགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྒྲོག་འགྲེལ་བྱེད་ཐབས་སྤྱད་ནས་དམིགས་ཡུལ་ཅན་དང་མཉམ་འགུལ་གྱི་སྒྲོག་འགྲེལ་རྒྱ་ཁྱབ་ངང་བྱས་པ་རེད། རྣམ་པ་ཕུན་སུམ་ཚོགས་སུ་གཏོང་ཆེད། སྒྲོག་འགྲེལ་རུ་ཁག་ཁག་གིས་ད་དུང་ཡུལ་བབ་དང་བསྟུན་ནས་ཚོགས་རར་སྒྲོག་འགྲེལ་བྱེད་པ། དུད་ཚང་དུ་བསྐྱོད་པ་སོགས་ཀྱི་སྟབས་བསྟུན་སྣ་མང་གི་བྱ་ཐབས་སྤྱད་དེ་སྒྲོག་འགྲེལ་བྱེད་པ་དང་འབྲེལ་ས་གནས་དེ་གའི་དོན་དངོས་དང་། གཞི་གྲངས། དཔེ་མཚོན་གྱོད་དཔེ་བཅས་དང་ཟུང་འབྲེལ་བྱས་ནས་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་བྱས་ཏེ་སྒྲོག་འགྲེལ་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ཡོད་པ་རེད།