༄༅།།ལོ་དུང་ཕྱུར2.2སྔོན་གྱི་ངོ་མཚར་ཆེ་བའི་རང་བྱུང་རྗེས་ཤུལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ་ལས་དྲངས། སྤེལ་དུས། 12-28


བྲག་རྡོའི་བང་རིམ་རེ་རེ་ནི་རྒྱུད་མངས་ལངས་གཟུགས་མ་ཞིག་དང་འདྲ་བར་ཚགས་དམ་པའི་ངང་ཡོད་ཅིང་། རྔམ་བརྗིད་ལྡན་པའི་རི་ཚོགས་ཀྱིས་དེ་དག་བརྒྱན་ཡོད་པ་ལས་ངོ་མཚར་ལྷག་ཏུ་ཆེ།འདི་ནི་ས་གཤིས་རྗེས་ཤུལ་རྟོག་ཞིབ་བྱེད་པའི་སྐབས། གསར་རྙེད་བྱུང་བའི་རྒྱལ་ཁབ་རིམ་པའི་ས་གཤིས་རྗེས་ཤུལ་ཞིག་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་སྦ་ལུང་ཤང་གི་མེ་རིའི་བྲག་རྡོའི་ཀ་དབྱིབས་ཚིགས་ལྡན་ཚོགས་ཡིན་ཞིང་། འདི་ཡིས་ཚྭ་འདམ་གཞོང་ལ་ངོ་མཚར་ཆེ་བའི་རང་བྱུང་རྗེས་ཤུལ་ཞིག་ཁ་སྣོན་བྱས་པ་དང་། ད་བར་ལོ་དུང་ཕྱུར2.2ཡོད་པའི་སྔོན་གྱི་མེ་རི་འགུལ་སྐྱོད་ས་གནས་ཀྱི་རྗེས་ཤུལ་ཞིག་ཡིན།

གཏེར་ལམ་རྫོང་གི་མེ་རིའི་བྲག་རྡོའི་ཀ་དབྱིབས་ཚིགས་ལྡན་ཚོགས་ནི་མིག་སྔར་མཚོ་སྔོན་དུ་གསར་རྙེད་བྱུང་བའི་གཞི་རྒྱ་ཆེས་ཆེ་ཞིང་ཁྱད་ཆོས་ཆེས་འབུར་དུ་ཐོན་པ་ཞིག་ཡིན་པ་དང་། དེ་ལ་མཛེས་སྡུག་གི་ངག་རྒྱུན་དང་ཁྱད་ཆོས་འབུར་ཐོན་གྱི་ས་གཤིས་རང་བྱུང་མཛེས་ལྗོངས་གཉིས་འདུས་ཡོད་སྟབས། མཛེས་དཔྱོད་ལྟ་གཟིགས་ཀྱི་རིན་ཐང་དང་ཚན་ཞིབ་ཚན་སྤེལ་གྱི་རིན་ཐང་གཉིས་ཀ་ལྡན།

རྗེས་ཤུལ་དེར་ད་བར་ལོ་དུང་ཕྱུར2.2ཡོད་པའི་སྔོན་གྱི་རང་བྱུང་མཛེས་ལྗོངས་ཀྱི་རྣམ་པ་འཐུས་ཚང་ཞིག་ཡོད་ཅིང་། རང་བྱུང་ཁམས་ཀྱི་གདོད་མའི་མཛེས་སྡུག་ངོ་མ་ཞིག་དང་། ཡངས་ཤིང་ཆེ་བའི་མཛེས་སྡུག་ཅིག ཚོན་མདོག་ལྡན་པའི་མཛེས་སྡུག་ཅིག འགུལ་རྣམ་གྱི་མཛེས་སྡུག་ཅིག་བཅས་རང་བྱུང་གི་མཛེས་རྣམ་མང་པོ་སོར་གནས་བྱུང་ཡོད་སྟབས། དེ་ནི་གཏེར་ལམ་རྫོང་གི་གསར་སྤེལ་རིན་ཐང་དང་ལྟ་གཟིགས་རིན་      ཐང་ཆེས་ཆེ་བའི་ཁྱབ་ཁོངས་ཤིག་ཡིན།

ཉེ་ཆར། གཏེར་ལམ་རྫོང་གི་མེ་རིའི་བྲག་རྡོའི་ཀ་དབྱིབས་ཚིགས་ལྡན་ཚོགས་ལྗོངས་ཁུལ་གྱི་ལས་གཉེར་བྱེད་འགོ་ཚུགས་པ་དང་། མིག་སྔའི་བར་མཚོ་སྔོན་ནས་གསར་རྙེད་བྱུང་བའི་གཞི་རྒྱ་ཆེས་ཆེ་ཞིང་། ཁྱད་ཆོས་ཆེས་འབུར་ཐོན་གྱི་མེ་རིའི་བྲག་རྡོའི་ཀ་དབྱིབས་ཚིགས་ལྡན་ཚོགས་ཤིག་ཡིན་པའི་ཆ་ནས། དེ་ནི་རྩྭ་ཐང་རིག་གནས་དང་ས་གཤིས་མཛེས་ལྗོངས་གཉིས་མཉམ་དུ་འདྲེས་ཤིང་། མཛེས་དཔྱོད་ལྟ་གཟིགས་ཀྱི་རིན་ཐང་དང་ཚན་ཞིབ་ཚན་སྤེལ་གྱི་རིན་ཐང་མཉམ་དུ་མངོན་པ། མི་རིགས་རིག་གནས་དར་སྤེལ་དང་ཁྱད་ལྡན་ཡུལ་སྐོར་གྱི་ཚོང་རྟགས་བསྐྲུན་པ་བཅས་ཀྱི་བླུག་བྱའི་མ་རྒྱུ་གལ་ཆེན་ཞིག་ཡིན།

གཏེར་ལམ་རྫོང་གིས་མེ་རིའི་བྲག་རྡོའི་ཀ་དབྱིབས་ཚིགས་ལྡན་ཚོགས་ལྗོངས་ཁུལ་གྱི་རང་བྱུང་ལེགས་ཆ་ལ་བརྟེན་ནས་གསར་གཏོད་ཧུར་ཐག་དང་འཚོལ་ཞིབ་ཆེན་པོ་བྱས་ཏེ་མེ་རིའི་བྲག་རྡོའི་ཚིགས་ལྡན་ཚོགས་ལྗོངས་ཁུལ་འདི་ཏུའུ་ལན་རྫོང་དང་ཐ་ན་མཚོ་སྔོན་ཡུལ་སྐོར་ལྗོངས་ཁུལ་གྱི་འཆམ་མཐུན་དང་བཀྲག་མདངས་འཚེར་བ། མི་ཆོས་ཚོར་བ་དང་རིག་གནས་ནང་དོན་ལྡན་པ་བཅས་ཡིན་པའི་ཡུལ་སྐོར་ལྗོངས་ཁུལ་གསར་བ་ཞིག་ཏུ་འབད་པས་བསྐྲུན་འཆར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1