མཛོད་དགེ་རྫོང་ཁོངས་ཀྱི་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ཇེ་བརྟན་དུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 12-28



        ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་ནུས་རྒྱུ་གཙང་མའི་དཔེ་སྟོན་རྟེན་གཞི་ཡག་ཤོས་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས། ཆུ་དང་རླངས། འོད་བཅས་དྭངས་གཙང་ནུས་རྒྱུའི་ཐོན་ཁུངས་ཀྱི་ད་ཡོད་གནས་ཚུལ་ཁྱོན་ཡོངས་ནས་གསེད་བཀྲོལ་དང་། གནད་སྨིན་ཁོང་དུ་ཆུད་དེ། ནུས་རྒྱུ་གཙང་མའི་འཕེལ་རྒྱས་འཆར་འགོད་དེ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དུ་ཚུད་པར་བྱས་པར་མ་ཟད། རླུང་ནུས་དང་ཉི་ནུས་སོགས་རྣམ་གྲངས་གལ་ཆེན་གཅིག་བསྡུས་ཀྱིས་གསར་སྤེལ་བྱས་ནས། ལྗང་མདོག་ཐཱན་ཉུང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་།

        རྫོང་སྣོད་བཅུད་ཁོར་ཡུག་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་རང་རེའི་རྫོང་གིས་རྒྱ་ཆེའི་མི་སེར་ཚོར་གློག་སྤྱོད་གསབ་དངུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་མོ་ལྡན་པས། ནུས་རྒྱུ་གཙང་མ་སྤྱད་དེ་གློག་ནུས་དང་། ཉི་ནུས། རླུང་ནུས་བཅས་སྤྱོད་རྒྱུ་ཁྱབ་གདལ་གཏོང་བར་རེ་བ་བྱས་ཡོད། མིག་སྔར་རྫོང་ཡོངས་སུ་རྨེ་ཆུའི་དབུལ་སྐྱོར་འོད་ཤུགས་གློག་ཁང་དང་རྐྱང་ཚའི་བྲག་སྒོ་ཕུག་ལམ་འགབ་མའི་གློག་ཁང་དྲ་སྦྲེལ་གྱིས་གློག་གཏོང་ཐུབ་པ་དང་། KWཁྲི༤ཡི་འོད་ཤུགས་བྱེ་བཅོས་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱེད་བཞིན་ཡོད་པ་དང་། འོད་ཤུགས་དང་དེ་བཞིན་ཆུ་གློག་གི་འཕྲུལ་འཁོར་གྱི་གློག་ཤོང་ཚདKWཁྲི༦.༧གསར་དུ་བསྣན།

        རྒྱུས་ལོན་པ་ལྟར་ན། འདས་པའི་ལོ་ལྔའི་ནང་མཛོད་དགེ་རྫོང་གིས་ནུས་རྒྱུ་གཙང་མ་གསར་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་པ་ནས་འགོ་བཙུགས་ཏེ།  སྣོད་བཅུད་གཙོ་བོར་འཛིན་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུར་ནུས་ཤུགས་ཡོད་རྒུས་བསྐྱོད་དེ།  ཕྱོགས་ཡོངས་དང་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས།  ལྗང་མདོག་ཐཱན་ཉུང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།  གོམ་སྟབས་རྗེས་མར་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། གསར་སྤེལ་རང་བཞིན་གྱི་དམིགས་ཚད་དེ་བས་མང་བ་ཐོབ་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས། ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་སྟངས་དང་ཐབས་ལམ་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ།   ཆན་ཧྥུ༢༢༠དང་དེའི་ཡན་གྱི་གློག་གནོན་རིམ་པའི་གློག་དྲ་གཙོ་བོ་ཁག་གཅིག་སྔོན་ལ་འཆར་འགོད་ལག་བསྟར་བྱས་ནས། ལོ་ལྔའི་འཆར་བཞི་བཅུ་བཞི་པའི་འཆར་འགོད་ཁྲོད་འོད་ཤུགས་བྱེ་བཅོས་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་ལག་བསྟར་གྱིས་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྔ་ཙམ་ནས་དྭངས་གཙང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་གློག་སྤྱོད་གསབ་དངུལ་མངོན་འགྱུར་ལ་འབད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1