དཀར་མཛེས་ཁུལ་གྱི་ཁྱད་ལྡན་ཐོན་ཁུངས་མ་འཇོག་འོས་སྦྱོར་ཚོགས་འདུ་ཧང་ཀྲོའུ་ནས་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-29


        ཟླ12པའི་ཚེས26ཉིན། “དག་གཙང་དཀར་མཛེས། ཧང་ཀྲོའུ་རུ་བསྐྱོད་པ”ཞེས་པའི་དཀར་མཛེས་ཁུལ་གྱི་ཁྱད་ལྡན་ཐོན་ཁུངས་མ་འཇོག་འོས་སྦྱོར་ཚོགས་འདུ་ཧང་ཀྲོའུ་ནས་སྤེལ།

        ཐེངས་འདིའི་བྱ་འགུལ་ནི་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུའུ་ཡིས་བསྒྲུབས་པ་ཡིན་ཞིང་། དེ་ནི་དཀར་མཛེས་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་ལས་དོན་ལ་སྐུལ་འདེད་གཏོང་བའི“2022མཁྲེགས་གཏོར་དང2023མགོ་རྩོམ་པའི”ཆེད་དུ་སྤེལ་བའི་ཀྲའེ་ཅང་དང་དཀར་མཛེས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ཚོགས་འདུ་ཆེན་མོ་ཞིག་ཡིན།

        འོས་སྦྱོར་ཚོགས་འདུའི་ཐོག །དཀར་མཛེས་ཁུལ་ཨུ་རྒྱུན་ལས་ཨུ་ཡོན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥེང་ཅིན་ཧྥེང་གིས་དཀར་མཛེས་ཀྱི་ཁྱད་ལྡན་ཐོན་ཁུངས་འོས་སྦྱོར་བྱས་པ་དང་། ཁོང་གིས་ས་ཁོངས་གལ་ཆེན་དང་། གསར་བརྗེའི་གནས་གཞི། ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས། རབ་མཛེས་དག་ཞིང་། འབྱོར་ཕྱུག་གཡང་ས་བཅས་ཀྱི“གནས་ལྔ་གཅིག་འདུས”གཙོ་བོར་བཟུང་ནས་དཀར་མཛེས་ཁུལ་གྱི་མ་འཇོག་གོ་སྐབས་དང་ཚོང་གཉེར་ཁོར་ཡུག་ངོ་སྤྲོད་བྱས་པར་མ་ཟད། ཡུལ་དངོས་སུ་གསེད་གདམ་བྱས་པའི་ཡུལ་སྐོར་རིག་གནས་དང་། ཞིང་འབྲོག་སྨན་བཅོས། ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་ཀྱི་གཙོ་གནད་ཚོང་འགུགས་རྣམ་གྲངས་61གི་ཞིབ་ཐོ་ཁྱབ་བསྒྲགས་བྱས་ནས། ཚོགས་འདུར་ཞུགས་པའི་ཁེ་ལས་འཐུས་ཚབ་པས་དཀར་མཛེས་ལ་རྒྱུས་ལོན་དང་། དཀར་མཛེས་སུ་བསྐྱོད་པ། དཀར་མཛེས་ལ་མ་དངུལ་འཇོག་པར་གདན་འདྲེན་ཞུས། དུས་མཚུངས་སུ། ཁོང་གིས་ཀྲའེ་ཅང་གི་ལས་རིགས་སོ་སོས་ཡུན་རིང་བོར་དཀར་མཛེས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས།

        ཚོགས་འདུའི་ཡུལ་དངོས་སུ། སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས“གནས་མཆོག་སྡེ་དགེ”ཞེས་པ་བརྗོད་གཞི་གཙོ་བོར་བཟུང་ནས་སྡེ་དགེ་རྫོང་གི་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཞིང་ཕྱུགས་ལས་རིགས། མི་རིགས་ལག་ཤེས་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་ངོ་སྤྲོད་བྱས་པ་མ་ཟད། ཁམས་པའི་རིག་གནས་དངོས་མང་འགྲེམ་སྟོན་གླིང་དང་།  ཡིད་ལྷུང་ལྷ་མཚོ་ཡུལ་སྐོར་ཐོན་ཁུངས་སོགས་ཚུད་པའི་ཚོང་འགུགས་རྣམ་གྲངས་20ལྷག་ངོ་སྤྲོད་བྱས་ཤིང་། ཡུལ་དངོས་ཀྱི་ཁེ་ལས་པ་དང་མཉམ་དུ་འབྱོར་ཕྱུག་ལྡན་པའི་རྒྱང་བསྐྱོད་ལམ་བུའི་སྟེང་སྡེ་དགེར་བགྲོད་ལམ་གསར་བ་ཞིག་བཏོད་པར་རོགས་རམ་བྱེད་པར་གདན་ཞུ་ཞུས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1