དགུན་དུས་ཕྱིར་སྐྱོད་སྐབས་བདེ་འཇགས་ཨང་དང་པོར་འཇོག་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 01-03


འདི་ནི་ཉིང་ཁྲིའི་འགྲིམ་འགྲུལ་ཉེན་རྟོག་པས་ལས་འགན་སྒྲུབ་སྐབས་ཁ་ལོ་བར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱེད་བཞིན་པ།

        དགུན་ཁ་ཤར་ཚུན་བོད་ལྗོངས་ཀྱི་ས་ཁུལ་ཁག་གཅིག་ལ་གངས་བབས་པ་དང་འཁྱག་པ་ཐེབས་པའི་གནམ་གཤིས་བསྟན་པ་མ་ཟད། དུས་ཡུན་རིང་ལ་འབྲེལ་ཡོད་ཁྱབ་རྒྱ་ཆེ་བར་བརྟེན་ལམ་ངོས་ལ་འཁྱག་པ་ཐེབས་ཏེ་འདྲེད་འདར་ཤོར་བ་དང་། ཨ་སློག་རྒྱག་པ། རྡུང་ཁ་ཤོར་བ་སོགས་ཀྱི་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཅུང་ཆེན་པོ་ཡོད། གནད་དོན་དེར་བོད་ལྗོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྨྱན་སྦྱོར་ཚན་པ་ཁག་གི་ལས་སྟེགས་དང་ས་ཁྲའི་ཕྱོགས་སྟོན་སོགས་ལ་བརྟེན་ནས་ཉེན་ཟོན་དྲན་སྐུལ་རྒྱ་ཁྱབ་བྱས་པ་མ་ཟད། ལམ་དུམ་ཉེན་རྟོག་པས་མཉམ་ལས་དམ་ཟབ་བྱས་ཏེ་ལྟ་ཞིབ་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་དུས་ཐོག་ཏུ་འཁྱག་པ་དང་གངས་གཙང་བཟོར་མཐུན་སྦྱོར་བྱས་ནས་དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1