༼ ༡
རྒྱང་ནས་འཛུམ་གྱིས་དམུལ་པའི།།
དགྱེས་པའི་བཞིན་མདངས་མཐོང་དུས།།
དྲན་དང་གློ་བའི་ཕུགས་ནས།།
སླང་ཡང་ལས་ཤིག་འཆར་འོང་།།
༼༢
མདུན་དུ་བདོག་པ་མ་མཐོང་།།
རྡོག་སྒྲ་གྲག་པའང་མ་ཚོར།།
གླུ་སྐད་རྣ་བར་གཟན་དུས།།
ཁྱོད་རང་ཡིན་པ་འདྲ་འོ།།
༼༣
ཁྱོད་ཀྱི་སྔུན་རྒྱབ་ཀུན་ན།།
ཡང་དང་ནན་གྱིས་འཕུར་བའི།།
སྦྲང་མའི་གཤོག་རྩལ་ངོམ་དུས།།
ཁྱོད་ལ་ཅི་ཞིག་འཕྲུལ་འོང་།།
༼༤
སེམས་པ་བདེ་བར་མ་གཟིམ།།
རི་ལུང་ཐང་ནས་ཉུལ་བྱུང་།།
མཐའ་མར་རྙེད་པའི་ལོ་མ།།
རྒུན་ཆང་གསེང་ནས་ཟག་སོང་།།
༼༥
ཁྱོད་ཀྱི་ཚེམས་འཕྲེང་བསྟར་དུས།།
སེམས་པ་གཙང་བོར་བཞུར་སོང་།།
གཙང་བོའི་རྒྱུན་ཐག་རིང་བས།།
ཁྱོད་ཀྱི་གྲིབ་མ་ཡལ་བྱུང་།།
༼༦
ཕ་གིའི་དབེན་པའི་རི་ན།།
ལྷོད་པའི་ལས་ཤིག་འདུག་སྐད།།
དེ་ཡང་མི་ཚོགས་ཡིན་པས།།
ཡིད་ཁམས་ཁྲོམ་ལ་བཞུད་སོང་།།
༼༧
ཁྱོད་ལ་ཅི་ཞིག་མཁོ་བ།།
སུ་ཞིག་བརྗོད་པར་ངལ་ཡང་།།
མ་འདྲིས་སེམས་ཀྱི་སྨྲེང་བ།།
འདི་ནས་གསལ་བ་མིན་ནམ།།
༼༨
དབང་ཕྱོགས་ཉི་འོད་སེར་པོ།།
མདུན་ནས་མདུན་དུ་འཚེར་འོང་།།
སེམས་པའི་སྐྱ་རེངས་མག་མོག།
རྒྱང་ནས་རྒྱང་དུ་ཆས་སོང་།།
༼༩
ལག་ཟུང་ལྕི་བས་བརླན་རུང་།།
སྙིང་ལ་དམ་ཚིག་བསྒོས་ཡོད།།
དམ་ཚིག་དམ་པོར་བསྒགས་པས།།
གསང་བའི་དམ་རྫས་མ་འཆོར།།
༼༡༠
མིག་གི་མཐའ་ན་བཞད་པའི།།
ཆུ་ཡི་འདབ་མ་དག་གིས།།
སེམས་ཀྱི་ཚུགས་ཀ་བརྗོད་དུས།།
ཁྱོད་ཀྱི་དུས་གསུམ་དྲན་ནོ།།
༼༡༡
སྒེའུ་ཁུང་འགྲམ་ནས་གྱེར་བའི།།
གླུ་དེ་སྙན་པོ་མིན་རུང་།།
ཡིད་སེམས་གཏམ་གྱི་འཁོར་ལོ།།
དེ་ཡི་སྲོག་ཤིང་བྱས་ཡོད།།
༼༡༢
ཕྱིར་དྲན་ཀློང་གི་འདས་དོན།།
རྨི་ལམ་ནང་གི་མེ་ཏོག།
མེ་ཏོག་ཧ་ལོའི་ཟེའུ་འབྲུ།།
སུ་ཡིས་ལོངས་སུ་སྤྱོད་དམ།།
༼༡༣
ཁེར་བུའི་ལམ་ཕྲན་མ་གསུངས།།
ལམ་སྣེ་ལྷ་ལ་འདྲེས་ཡོད།།
ལྷ་ཡི་གདོང་རོགས་སྲིད་ན།།
འདོད་མོས་མྱུར་བོར་འགྲུབ་འོང་།།
༼༡༤
བརྩེ་མདངས་རྫུན་ནོ་མ་ཟེར།།
རྫུན་ཕུགས་བདེན་ལ་གཏུགས་ཡོད།།
བདེན་པའི་ལམ་ཆེན་དེ་ན།།
ཁྱོད་ཀྱི་འཚོལ་སྙེགས་འཁྱིལ་ཡོད།།
༼༡༥
ཁ་བ་སེམས་ལ་ལྷུང་སོང་།།
ཡིད་སེམས་དར་གྱིས་གཡོག་སོང་།།
དར་གྱི་ལེབ་གཞུང་རེ་རེར།།
མངར་སྐྱུར་གཏམ་རྒྱུད་འཁྲུངས་འདུག།
༼༡༦
ཁྱོད་ཀྱི་མི་དཀྱུས་རིང་ཡང་།།
དག་སྣང་ཡེ་ནས་བརྗེད་སོང་།།
དྲི་བསུང་སྣ་ལ་སིམ་དུས།།
དག་པའི་ཁམས་སུ་དྲངས་འགྲོ།།
༼༡༧
མཛེས་པ་ཡུལ་གྱི་སྣང་ཤས།།
མ་བརྟགས་སྒྱུ་མའི་རང་བཞིན།།
སེམས་བྱུང་རླུང་གི་འགྲོས་ལ།།
ཚེ་འདིའི་སྣང་བ་བཅོལ་ཡོད།།
༼༡༨
རེ་བའི་མིག་ཟུང་དེ་ཡང་།།
རྩ་གསུམ་ལྷ་དེའི་ཡིན་ནོ།།
མཐའ་མའི་རྨུ་ཐག་འདི་ཡིས།།
ཚེ་སྲོག་རླུང་ལ་བསྟིམས་ཡོད།།
༼༡༩
སྐད་ཆ་ཤུབ་ཤུབ་སྨྲ་དུས།།
ཟླ་བའི་འོད་དེ་འཆར་འོང་།།
དོ་ནུབ་ནམ་སྟོང་ཡིན་པས།།
ཟླ་བའི་ལང་ཚོ་མ་མཇལ།།
༼༢༠
ཐག་རིང་རི་གྲོང་དེ་ནས།།
འབོད་པའི་སྒྲ་དབྱངས་གྱེར་སོང་།།
རྣ་བར་ལན་གྲངས་ཕྱོགས་དུས།།
ཅོང་དུས་འུར་སྒྲོགས་ཡིན་འདུག།
རྒྱང་ནས་འཛུམ་གྱིས་དམུལ་པའི།།
དགྱེས་པའི་བཞིན་མདངས་མཐོང་དུས།།
དྲན་དང་གློ་བའི་ཕུགས་ནས།།
སླང་ཡང་ལས་ཤིག་འཆར་འོང་།།
༼༢
མདུན་དུ་བདོག་པ་མ་མཐོང་།།
རྡོག་སྒྲ་གྲག་པའང་མ་ཚོར།།
གླུ་སྐད་རྣ་བར་གཟན་དུས།།
ཁྱོད་རང་ཡིན་པ་འདྲ་འོ།།
༼༣
ཁྱོད་ཀྱི་སྔུན་རྒྱབ་ཀུན་ན།།
ཡང་དང་ནན་གྱིས་འཕུར་བའི།།
སྦྲང་མའི་གཤོག་རྩལ་ངོམ་དུས།།
ཁྱོད་ལ་ཅི་ཞིག་འཕྲུལ་འོང་།།
༼༤
སེམས་པ་བདེ་བར་མ་གཟིམ།།
རི་ལུང་ཐང་ནས་ཉུལ་བྱུང་།།
མཐའ་མར་རྙེད་པའི་ལོ་མ།།
རྒུན་ཆང་གསེང་ནས་ཟག་སོང་།།
༼༥
ཁྱོད་ཀྱི་ཚེམས་འཕྲེང་བསྟར་དུས།།
སེམས་པ་གཙང་བོར་བཞུར་སོང་།།
གཙང་བོའི་རྒྱུན་ཐག་རིང་བས།།
ཁྱོད་ཀྱི་གྲིབ་མ་ཡལ་བྱུང་།།
༼༦
ཕ་གིའི་དབེན་པའི་རི་ན།།
ལྷོད་པའི་ལས་ཤིག་འདུག་སྐད།།
དེ་ཡང་མི་ཚོགས་ཡིན་པས།།
ཡིད་ཁམས་ཁྲོམ་ལ་བཞུད་སོང་།།
༼༧
ཁྱོད་ལ་ཅི་ཞིག་མཁོ་བ།།
སུ་ཞིག་བརྗོད་པར་ངལ་ཡང་།།
མ་འདྲིས་སེམས་ཀྱི་སྨྲེང་བ།།
འདི་ནས་གསལ་བ་མིན་ནམ།།
༼༨
དབང་ཕྱོགས་ཉི་འོད་སེར་པོ།།
མདུན་ནས་མདུན་དུ་འཚེར་འོང་།།
སེམས་པའི་སྐྱ་རེངས་མག་མོག།
རྒྱང་ནས་རྒྱང་དུ་ཆས་སོང་།།
༼༩
ལག་ཟུང་ལྕི་བས་བརླན་རུང་།།
སྙིང་ལ་དམ་ཚིག་བསྒོས་ཡོད།།
དམ་ཚིག་དམ་པོར་བསྒགས་པས།།
གསང་བའི་དམ་རྫས་མ་འཆོར།།
༼༡༠
མིག་གི་མཐའ་ན་བཞད་པའི།།
ཆུ་ཡི་འདབ་མ་དག་གིས།།
སེམས་ཀྱི་ཚུགས་ཀ་བརྗོད་དུས།།
ཁྱོད་ཀྱི་དུས་གསུམ་དྲན་ནོ།།
༼༡༡
སྒེའུ་ཁུང་འགྲམ་ནས་གྱེར་བའི།།
གླུ་དེ་སྙན་པོ་མིན་རུང་།།
ཡིད་སེམས་གཏམ་གྱི་འཁོར་ལོ།།
དེ་ཡི་སྲོག་ཤིང་བྱས་ཡོད།།
༼༡༢
ཕྱིར་དྲན་ཀློང་གི་འདས་དོན།།
རྨི་ལམ་ནང་གི་མེ་ཏོག།
མེ་ཏོག་ཧ་ལོའི་ཟེའུ་འབྲུ།།
སུ་ཡིས་ལོངས་སུ་སྤྱོད་དམ།།
༼༡༣
ཁེར་བུའི་ལམ་ཕྲན་མ་གསུངས།།
ལམ་སྣེ་ལྷ་ལ་འདྲེས་ཡོད།།
ལྷ་ཡི་གདོང་རོགས་སྲིད་ན།།
འདོད་མོས་མྱུར་བོར་འགྲུབ་འོང་།།
༼༡༤
བརྩེ་མདངས་རྫུན་ནོ་མ་ཟེར།།
རྫུན་ཕུགས་བདེན་ལ་གཏུགས་ཡོད།།
བདེན་པའི་ལམ་ཆེན་དེ་ན།།
ཁྱོད་ཀྱི་འཚོལ་སྙེགས་འཁྱིལ་ཡོད།།
༼༡༥
ཁ་བ་སེམས་ལ་ལྷུང་སོང་།།
ཡིད་སེམས་དར་གྱིས་གཡོག་སོང་།།
དར་གྱི་ལེབ་གཞུང་རེ་རེར།།
མངར་སྐྱུར་གཏམ་རྒྱུད་འཁྲུངས་འདུག།
༼༡༦
ཁྱོད་ཀྱི་མི་དཀྱུས་རིང་ཡང་།།
དག་སྣང་ཡེ་ནས་བརྗེད་སོང་།།
དྲི་བསུང་སྣ་ལ་སིམ་དུས།།
དག་པའི་ཁམས་སུ་དྲངས་འགྲོ།།
༼༡༧
མཛེས་པ་ཡུལ་གྱི་སྣང་ཤས།།
མ་བརྟགས་སྒྱུ་མའི་རང་བཞིན།།
སེམས་བྱུང་རླུང་གི་འགྲོས་ལ།།
ཚེ་འདིའི་སྣང་བ་བཅོལ་ཡོད།།
༼༡༨
རེ་བའི་མིག་ཟུང་དེ་ཡང་།།
རྩ་གསུམ་ལྷ་དེའི་ཡིན་ནོ།།
མཐའ་མའི་རྨུ་ཐག་འདི་ཡིས།།
ཚེ་སྲོག་རླུང་ལ་བསྟིམས་ཡོད།།
༼༡༩
སྐད་ཆ་ཤུབ་ཤུབ་སྨྲ་དུས།།
ཟླ་བའི་འོད་དེ་འཆར་འོང་།།
དོ་ནུབ་ནམ་སྟོང་ཡིན་པས།།
ཟླ་བའི་ལང་ཚོ་མ་མཇལ།།
༼༢༠
ཐག་རིང་རི་གྲོང་དེ་ནས།།
འབོད་པའི་སྒྲ་དབྱངས་གྱེར་སོང་།།
རྣ་བར་ལན་གྲངས་ཕྱོགས་དུས།།
ཅོང་དུས་འུར་སྒྲོགས་ཡིན་འདུག།