༄༅།། ཁྱོ་གས་ཆུང་མར་མནར་གཅོད་བཏང་ན་རོགས་སྐྱོར་རེ་ཞུ་གང་ལ་དབུལ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 01-04




        རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན46པའི་ཚན་པ2པ་དང3པར་རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་དང་བཀག་འགོག་བྱ་དགོས་ཞེས་གཏན་འཁེལ་བྱས་ཡོད། ས་གནས་སྤྱི་བདེ་ཅུའུ་དང་། དམངས་སྲིད་ཅུའུ། ཁྲིམས་འཛིན་ནམ་སྲིད་འཛིན་སོགས་ཀྱི་ལས་ཁུངས་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་དང་། སྤྱི་ཚོགས་ཀྱི་ཚོགས་པས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་དང་བཀག་འགོག་བྱ་དགོས་པ་དང་། གནོད་འཚེ་ཕོག་པའི་བུད་མེད་ལ་ཁྲིམས་ལྟར་རོགས་སྐྱོབ་བྱ་དགོས། གོང་གསལ་གྱི་ལས་ཁུངས་སམ་རྩ་འཛུགས་གང་རུང་ལ་གནོད་འཚེ་ཕོག་པའི་བུད་མེད་ལ་རོགས་སྐྱོབ་བྱ་རྒྱུའི་འོས་འགན་ཡོད་པར་མ་ཟད། དེའི་འགན་འཁྲིའི་ཁྱབ་ཁོངས་ནང་ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་དང་བཀག་འགོག་ལེགས་པོ་བྱ་དགོས་ཤིང་། རང་འགུལ་ངང་ཐེ་ཇུས་བྱེད་པའི་འོས་འགན་ཡོད་པ་ཞིག་ཀྱང་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1