༄༅། །དུག་སྡོང་གསར་པ་XBB.1.5སླར་ཡང་མི་མང་པོར་འགོ་སྲིད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-05


        ཉེ་ཆར་ཨོ་སྨི་ཁོ་རུང་གི་ཡན་ལག་དུག་སྡོང་XB.1.5ལ་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད། མིག་སྔར་ཧྲང་ཧའེ་རུ་ཕྱི་རྒྱལ་ནས་ཡོང་བའི་ནད་པར་ལྟ་ཞིབ་ཚད་ལེན་བྱེད་སྐབས་དུག་སྡོང་XB.1.5ཤེས་རྟོགས་བྱུང་ཡོད།


        སྤྱི་ཚེས་2ཉིན། ཤིན་མིན་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཧྲང་ཧའེ་ཡི་གྲོང་མིས་ཡོ་རོབ་དང་ཨ་རིའི་ས་ཁུལ་གྱི་དུག་སྡོང་BQ.1དང་XBBརང་རྒྱལ་དུ་སླེབས་པར་སེམས་ཁྲལ་བྱེད་པར་དམིགས་ཏེ། ཧྲང་ཧའེ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཡོན་ཀྲེང་ཨན་གྱིས། མིག་སྔར་ཧྲང་ཧའེ་ནས་ཤེས་རྟོགས་བྱུང་བའི་ཨའོ་སྨི་ཁེ་རུང་གི་དུག་སྡོང་BQ.1དང་XBBགཉིས་ནི་ཕྱི་རྒྱལ་ནས་ཡོང་མཁན་རེ་གཉིས་ལས་ཤེས་རྟོགས་བྱུང་བ་ཡིན་ཞིང་།  སྤྱི་ཚོགས་ཐོག་འགོས་ཁྱབ་ཕྱིན་པའི་གནས་ཚུལ་ཐོན་མེད་ཅེས་བཤད་ཡོད།

        འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་གསར་འགྱུར་དྲ་བར་བརྗོད་པར། XB.1.5ཡི་ནད་ཕོག་ནུས་དང་ཐེངས་གཉིས་པའི་འགོས་ནད་ཕོག་པའི་ཉེན་ཁར་གནས་སྐབས་སེམས་ཁྲལ་ཆེན་པོ་བྱེད་དགོས་དོན་མེད་པ་རེད།

        ཞིབ་འཇུག་མི་སྣས། ཕྱི་རྒྱལ་ནས་ཡོང་མཁན་ནད་པའི་ཁྲོད་ཀྱི་དུག་སྡོང་ཅུང་རྙོག་འཛིང་ཆེ་བ་དང་། མང་ཆེ་བ་རང་རྒྱལ་དུ་ཞིབ་དཔྱད་ཚད་ལེན་བྱུང་ཐེངས་དང་པ་ཡིན།མིག་སྔའི་རིམ་སྒྲིག་ཚད་ལེན་བྱས་འབྲས་ལས་མངོན་པར།ཕྱི་རྒྱལ་ནས་འགོས་པའི་དུག་སྡོང་གསར་པ་ཅུང་མང་བས། སྔར་བཞིན་ནད་དུག་གི་དུག་སྡོང་ལ་ཞིབ་དཔྱད་ཚད་ལེན་བྱས་ནས་རྗེས་མཐུད་ཀྱི་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་དགོས་ཞེས་བརྗོད་འདུག

        གནས་ཚུལ་སྤེལ་བར་གཞིགས་ན།རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱིས་སྔོན་དཔག་བྱས་པར།XB.1.5དེ་མི་རིང་བར་འཛམ་གླིང་ཡོངས་ཀྱི་དུག་སྡོང་གཙོ་བོར་འགྱུར་རྒྱུ་ཡིན་པས་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད། རྒྱུ་རྐྱེན་གཙོ་བོ་ཞིག་ནི། ནད་དུག་XB.1.5འགོས་པའི་མིར་ACE2དང་མཉམ་འདྲེས་བྱུང་ན་དུག་སྡོང་BA.2.75དང་འདྲ་བས། མ་འོངས་པར་XB.1.5ཡང་BA.2.75དང་འདྲ་བར་ཐོལ་འགྱུར་མང་པོ་འབྱུང་ཉེན་ཡོད། འོན་ཀྱང་མིག་སྔར་XB.1.5རིམས་ཐར་གནོན་ཤུགས་ཆེན་མེད་པས་ཐོལ་འགྱུར་མགྱོགས་པོ་ཡོང་མི་སྲིད་པ་ཞིག་རེད།

XB.1.5ཡི་ནད་གཞི་སློང་ཤུགས་ཅི་འདྲ་ཡོད་དམ།

        སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་2022ལོའི་ཟླ་12ཚེས་30ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཚོད་དཔག་བྱས་ན། གཟའ་འཁོར་དེའི་ནང་ཨ་རིའི་ནད་དུག་འགོས་པའི་ནད་དཔེ་40.5%ནི་XB.1.5%འགོས་པ་ཡིན་པ་རེད། ད་དུང་ཚན་རིག་མཁས་པ་རྣམས་ཀྱིས། “རིམས་ཐར་བྲོས་བྱོལ་”གྱི་ནུས་པ་ཤིན་ཏུ་ཆེན་པོ་ལྡན་པས།XB.1.5ཡིས་BQ.1.1དང་BQ.1གི་ཚབ་བྱས་ཏེ་ཨ་རིར་འགོས་ཁྱབ་འགྲོ་བའི་དུག་སྡོང་གཙོ་བོར་གྱུར་ཡོད་ཅེས་བརྗོད་ཡོད།

        ཞིབ་འཇུག་ལས་མངོན་པ་ལྟར་ན། དུག་སྡོང་XBB.1.5ཡི་རིམས་ཐར་བྲོས་བྱོལ་ནུས་པ་XB.1དང་འདྲ་པོ་ཡིན་མོད།འོན་ཀྱང་འགག་རྩའི་གཞན་འགྱུར་F486Pལ་མིའི་ACE2དང་བསྡུ་ལེན་མཉམ་འདྲེས་ནུས་ཤུགས་སྔར་བས་ཆེ་བ་ལྡན་ཡོད།ACE2ནི་ཏོག་གསར་གློ་ཚད་ནད་དུག་མིའི་ཕྲ་ཕུང་ལ་འགོ་བའི་“སྒོ་ཆེན་”ལྟ་བུ་ཡིན་ཞིང་། དེས་XB.1.5ལྷག་ཏུ་འགོ་སླ་བ་ཡོད་པ་མཚོན་གྱི་ཡོད།

དེར་བརྟེན་ཤང་ཀང་སློབ་ཆེན་སྐྱེ་དངོས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ། ནད་དུག་རིག་པའི་རིགས་གཅིག་མཁས་ཅན་ཅིན་ཏུང་ཡན་ལགས་ཀྱིས་ངོ་སྤྲོད་བྱས་དོན། མིག་སྔར་XB.1.5ཡིས་ཨ་རིར་འགོས་ནད་ཕོག་པ་དང་། སྨན་ཁང་དུ་ལུས་པ། ཤི་བའི་གྲངས་འབོར་བཅས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་མེད། དེའི་ནད་སློང་ནུས་དང་འགོས་ནད་ཐེངས་གཉིས་པ་ཕོག་པའི་ཉེན་ཁར་སེམས་ཁྲལ་བྱེད་བྱེད་དགོས་དོན་མེད་པ་རེད། ཁོང་གིས། “རིམས་ཐར་བྲོས་བྱོལ་གྱི་ནུས་པ་ཆེ་རུ་ངེས་ཅན་ཕྱིན་པ་ཕུད། ཕྱོགས་གཞན་ཐད་ཀྱི་འགྱུར་བ་ཚང་མ་ཆེན་པོ་མེད་ཅེས་བརྗོད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1