དམངས་འཚོར་དོན་ཆུང་མེད་པས་བྱ་བ་ཆེ་ཆུང་ཀུན་ལ་མཐོང་ཆེན་བྱེད་དགོས། མཛོད་དགེ་རྫོང་གིས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ལ་དམ་པོར་དམིགས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་སེལ་བར་འབད་ནས། དཀའ་གནད་ཅན་གྱི་བྱ་བ་ཐག་གཅོད་གང་ལེགས་གནང་།
ཉེ་ཆར་གསར་འགོད་པ་ཐེ་བོ་གྲོང་རྡལ་ཁ་མདོ་སྡེ་བར་བསྐྱོད་པ་ན། སྡེ་བ་དེར་སྔོན་ཆད་ཆར་ཆུ་མང་ན་ཆུ་རྒྱུག་ཅིང་བདེ་འཇགས་ཀྱི་བག་ཉལ་རྐྱེན་ངན་མང་བའི་གནད་དོན་ཅན་གྱི་ཆུ་བཞུར་ལུང་བ་དེ། ད་ལྟ་རྩ་བ་ནས་མཐོང་རྒྱུ་མེད་ལ། དེའི་ཤུལ་དུ་བསྒྱུར་བཀོད་བྱས་ཟིན་པའི་ཆུ་གཤོང་ཡུར་བ་ཞིག་བཟོས་ནས། འགྲམ་གཉིས་སུ་ཆུ་རགས་བརྟན་པོར་བརྩིགས་ཡོད།
ཐེ་བོ་གྲོང་རྡལ་ཁ་མདོ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི། ཚེ་དབང་རིག་འཛིན། སྔོན་ཆད་ཆར་བ་འབབ་ཐེབས་རེར། ང་ཚོའི་སྡེ་བའི་ལམ་ངོས་དང་ཞིང་ཁར་ཆུ་ལོག་རྒྱུག ད་ལྟ་ང་ཚོས་ཁང་བ་དང་ཞིང་བ་ཆུ་ཡིས་ནུབ་པར་སེམས་ཁྲལ་བྱེད་མི་དགོས།
ཐེ་བོ་གྲོང་རྡལ་ཁ་མདོ་སྡེ་བར་བསྡོམས་པའི་ཁྱིམ་ཚང97དང་མི་གྲངས698ཡོད། ས་གནས་དེར་ས་རིམ་སྲབ་ཅིང་ས་རྒྱུ་ཅུང་ཞན་ལ། སའི་ཉེན་འགོག་ནུས་པ་ཆུང་། སྡེ་བ་དེའི་སྔོན་གྱི་ཆུ་གཤོང་ཡུར་བ་ལོ་མང་རིང་ཉམས་གསོ་བྱེད་མ་ཐུབ་པར་རྩྭ་ལྡུམ་དང་བྱེ་མས་ཁེངས་ཏེ། ཆུ་ཡུར་ཆུང་ཆུང་ཞིག་ཏུ་གྱུར་ནས་ཆུ་ལོག་འགོག་པའི་དགོས་མཁོ་སྐོང་མི་ཐུབ་པས། ཉེ་འཁོར་གྱི་ས་ཞིང་དང་སྡེ་དམངས་ཀྱི་ཁང་བར་བདེ་འཇགས་ཀྱི་བག་ཉལ་རྐྱེན་ངན་ཚབས་ཆེན་བཟོས།
ཐེ་བོ་གྲོང་རྡལ་ཁ་མདོ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི། ཚེ་དབང་རིག་འཛིན། 2017ལོར་ང་ཚོའི་སྡེ་བར་ཆུ་ལོག་ཆེན་པོ་ཞིག་བྱུང་། སྐབས་དེར་ཆུ་ལོག་གིས་ཆུ་བཞུར་ཡུར་བ་འདི་བརྒལ་ནས་ཞིང་ཁ་དང་གཡུལ་ཁར་བཞུར་ཏེ་གཏོར་བརླག་བཟོས་པས། ཕལ་ཆེར་ལོ་གཉིས་འགོར་རྗེས་ད་གཟོད་ས་ཞིང་སླར་གསོ་བྱུང་བ་ཡིན།
གནད་དོན་དེ་ཐག་བཅད་དེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཆེད། ཐེ་བོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་རང་འགུལ་སྒོས། ཁ་མདོ་སྡེ་བའི་ཆུ་ཡུར་ལས་གཞི་ནི2022ལོའི་སྐོར་ཐེངས་གསུམ་པའི་ཞིང་འབྲེལ་མ་དངུལ་སྡེབ་སྒྲིལ་དུ་བཞག རྣམ་གྲངས་དེ་ནི་རྒུད་གསབ་ལས་སྤྲོད་ཀྱི་འཛུགས་སྐྲུན་དོ་དམ་བྱེད་ཐབས་སྤྱད་དེ། སྔོན་ལ་སྡེ་བ་དེའི་སྡེ་དམངས་དང་དབུལ་ཐར་མི་འབོར། དབུལ་ཕོངས་བསྐྱར་ལོག་བཀག་འགོག་གི་ལྟ་ཞིབ་བྱེད་ཡུལ་བཅས་ལས་ཀ་བར་བསྡུས་ནས། ཁོ་ཚོར་ངལ་རྩོལ་གྱི་གླ་ཆ་ཐོབ་དུ་བཅུག་སྟེ། ཞིང་གྲོང་གི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་དང་ཡོང་འཕར་ལ་སྐུལ་འདེད་བཏང་།
ཐེ་བོ་གྲོང་རྡལ་ཁ་མདོ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི། ཚེ་དབང་རིག་འཛིན། རྣམ་གྲངས་འདིའི་སྤྱིའི་རིང་ཚད་ལ་སྨི1000ཡོད། རྫོང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གི་རོགས་རམ་འོག བསྡོམས་པའི་སྒོར་ཁྲི44བཏང་སྟེ། ད་ལོའི་ཟླ9པར་ལས་འགོ་བརྩམས་ཤིང་ཟླ10པའི་མཇུག་ཏུ་ལེགས་འགྲུབ་བྱུང་། ང་ཚོའི་སྡེ་བའི་མི་སེར་ཚང་མ་འདིར་ཡོང་སྟེ་ཞོར་ལས་གཉེར་བས། ང་ཚོའི་ཡོང་འབབ་ཇེ་མང་དུ་བཏང་བར་མ་ཟད། ལས་གཞིའི་སྤུས་ཀའང་འགན་ལེན་བྱུང་།
ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་ང་ཡིས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་ལེགས་པར་སྤེལ་ཏེ། གཞི་རིམ་དང་མང་ཚོགས་ཁྲོད་ཟབ་ཞུགས་སྒོས། མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། དམངས་འཚོ་འགན་ལེན་དང་ལེགས་སྒྱུར་བྱེད་རྒྱུ་གཙོར་བཟུང་ནས། དོན་དངོས་ལེགས་པར་བསྒྲུབས་ཏེ། མང་ཚོགས་ལ་ཕན་འབྲས་ངོ་མ་དང་དྲོད་ཁོལ་དངོས་སུ་མྱོང་དུ་བཅུག །