གཅིག གློ་ལུ་བའི་རྒྱུན་མི་ཆད་པ་ནི་པྲོག་གསར་ནད་དུག་འགོས་པ་ཚབས་ཆེན་དུ་གྱུར་པ་ཡིན་ནམ།
གློ་ལུ་བ་ནི་པྲོག་གསར་ནད་དུག་འགོས་རྗེས་ཀྱི་རྒྱུན་མཐོང་ནད་རྟགས་ཤིག་ཡིན་ཞིང་། ཆ་སྙོམས་སུ་གཟའ་འཁོར་གཉིས་ཡས་མས་ལ་ལུ་བ་དང་། ནད་རྟགས་ཀྱང་རིམ་བཞིན་ཇེ་ཡང་དུ་འགྲོ་བ་ཡིན། “གདགས་གཤིས་ཡིན་པ་ཕྱིར་སྲིབ་གཤིས་སུ་གྱུར་པ”ཡིན་ནའང་། གློ་ལུ་བ་འདི་དུས་ཚོད་ངེས་ཅན་ཞིག་གི་ནང་ལ་མཚམས་མི་ཆད་པ་དང་། མཚམས་མ་ཆད་པ་ཡིས་པྲོག་གསར་ནད་དུག་འགོས་པ་ཚབས་ཆེན་དུ་གྱུར་པ་མི་མཚོན།
ཡིན་ནའང་། གལ་ཏེ་གློ་ལུ་བའི་ནད་རྟགས་ཚབས་ཆེ་བའམ་ཡང་ན་མཚམས་མ་ཆད་པར་ནད་ཤུགས་ཆུང་དུ་མི་འགྲོ་ཞིང་། ལྷག་པར་དུ་ཚ་ཡང་དང་བསྐྱར་དུ་རྒྱས་པའམ་ཡང་ན་བསྟུད་མར་རྒྱས་ནས་མར་མི་འབབ་པ་དང་། ཞོར་དུ་དབུགས་འགག་པ་དང་འགུལ་སྐྱོད་བྱས་རྗེས་དབུགས་ཧད་པ་སོགས་ཀྱི་ནད་རྟགས་ཡོད་ན། པྲོག་གསར་ནད་དུག་གིས་བསྐྱེད་པའི་གློ་ཚད་བྱུང་ཡོད་མེད་ལ་མཉམ་འཇོག་བྱ་དགོས་པ་དང་། དུས་ཐོག་ཏུ་སྨན་ཁང་ལ་ཕྱིན་ནས་སྨན་པར་བསྟེན་པ་དང་བྲང་གཞོང་ལCTབརྟག་དཔྱད་བྱ་དགོས།
གཉིས། པྲོག་གསར་ནད་དུག་འགོས་རྗེས་གློ་ལུ་བ་འདི་ཅི་ཡིན་ནམ།
པྲོག་གསར་ནད་དུག་འགོས་རྗེས་གློ་ལུ་བའི་མི་ཚད། ད་དུང་རྒྱུན་ལྡན་གྱི་ཆམ་ནད་དང་ཆམ་རིམས་སམ་ཡང་ན་གློ་བའི་ཚ་ནད་བཅས་བྱུང་རྗེས་ཀྱང་གློ་ལུ་བའི་ནད་རྟགས་འབྱུང་ལ། དེ་ནི་ནད་དུག་འགོས་རྗེས་ཀྱི་གློ་ལུ་བ་ལ་གཏོགས་པ་ཡིན།
པྲོག་གསར་ནད་དུག་འགོས་པ་ལས་བསྐྱེད་པའི་གློ་ལུ་བ་མང་ཤོས་ལ་རང་ཚོད་རང་བཞིན་ཡོད། འོན་ཀྱང་། གལ་ཏེ་ནད་རྟགས་ཀྱི་རྒྱུན་མི་ཆད་པ་དང་། ཞོར་དུ་དབུགས་ལེན་དཀའ་བ་སོགས་བྱུང་ན། གློ་བའི་ཚ་ནད་དང་ལྕི་ནད་ཡིན་མིན་ལ་མཉམ་འཇོག་བྱ་དགོས།
གསུམ། པྲོག་གསར་ནད་དུག་འགོས་རྗེས་གློ་ལུ་བ་ཡིན་ན། དུག་སྲིན་འགོག་སྨན་སྤྱོད་དགོས་སམ།
པྲོག་གསར་ནི་ནད་དུག་འགོས་པའི་རིགས་ཤིག་ཡིན་པས། དུག་སྲིན་འགོག་སྨན་སྤྱོད་མི་དགོས། ཡིན་ནའང་། གནས་ཚུལ་ག་གེ་མོའི་སྐབས་ཏེ། དཔེར་ན་ལོ་ལོན་རིགས་ཀྱི་ནད་པ་ལ་གློ་ལུ་བ་དང་ལུད་པ་བྱུང་བ་ཇེ་མང་ངམ་ཡང་ན་ཁ་དོག་ཟབ་པོ་ཡིན་པ། མཉམ་བྱུང་དུག་སྲིན་འགོས་པའི་ཉེན་ཁ་ཇེ་ཆེར་གྱུར་པ་བཅས་ཡིན་ན། དུག་སྲིན་འགོག་སྨན་སྤྱོད་པའི་བསམ་བློ་བཏང་ཆོག་པ་དང་། བྱེ་བྲག་ཏུ་ཇི་ལྟར་འཐུང་བ་ནི་སྨན་པར་འདྲི་དགོས།
བཞི། གློ་ལུ་བ་འདི་དུས་ཡུན་ག་ཚོད་ཅིག་གི་ནང་ལ་དྲག་པ་ཡིན་ནམ།
པྲོག་གསར་ནད་དུག་འགོས་རྗེས་ཀྱི་གློ་ལུ་བའི་ནད་རྟགས་འདི་ཆ་སྙོམས་སུ་གཟའ་འཁོར་གཉིས་ཡས་མས་ལ་གནས་པ་དང་། ནད་པ་ཁ་ཤས་ཀྱི་གློ་ལུ་བ་ནི་གཟའ་འཁོར་བཞི་ལ་གནས་པའང་ཡོད། དབུགས་ལམ་གྱི་གཉན་ཚད་ཁོ་ནས་བསྐྱེད་པའི་གློ་ལུ་བ་ཡིན་ན། རྒྱུན་ལྡན་དུ་རིམ་བཞིན་ནད་བབ་ཇེ་ཡང་ལ་འགྲོ་བ་ཡིན།
པྲོག་གསར་ནད་དུག་འགོས་རྗེས་ཀྱི་གཟའ་འཁོར་གཉིས་ནང་ལ། གློ་ལུ་བའི་ནད་རྟགས་ཇེ་ལྕི་ལ་སོང་བའམ་ཡང་ན་གཟའ་འཁོར་བཞི་ཙམ་འགོར་ཡང་། ནད་ཤུགས་ཆུང་དུ་སོང་མེད་ན། སྨན་ཁང་དུ་ཕྱིན་ནས་སྨན་པར་བསྟེན་དགོས།
ལྔ། ཡང་དང་བསྐྱར་དུ་གློ་ལུ་བའི་ནད་པ་ཡིས་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ།
ཀ ཁྲག་ཤེད་མཐོ་བའི་ནད་པ་ཡིས་ཁྲག་ཤེད་མར་འབབ་པར་སྤྱོད་པའི་སྨན་གྱི་ནང་དུ་མིང་ལ“ཕུའུ་ལི(普利)”ཞེས་པ་ཞིག་ཡོད་མེད་ལ་བལྟ་དགོས་པ་དང་། སྨན་དེ་ནི་ཁྲག་རྩའི་གྲིམ་འཁུམ་རྒྱུ་གཞན་སྒྱུར་རྩབས་ཀྱི་ཚོད་འགོག་རྫས་རིགས་ཤིག་ཡིན་པས། གློ་ལུ་བའི་ནད་རྟགས་ཇེ་ལྕི་ལ་གཏོང་སྲིད་པ་ཡིན།
ཁ། སྔོན་ཆད་དབུགས་ལམ་ནད་རིགས་བྱུང་བའི་ནད་པ་སྟེ། དཔེར་ན་དབུགས་འཚང་བ་དང་གློ་བ་ཚིན་འགྱུར་སོགས་ཡོད་མྱོང་ན། སྨན་པ་ལ་གསོ་བཅོས་བྱེད་ཐབས་ལེགས་སྒྲིག་བྱ་དགོས་མིན་འདྲི་དགོས།
ག གློ་བ་དང་སྙིང་གི་ནད་རྙིང་ཡོད་པའི་ནད་པ་ཡིན་ན། ཁྲག་རྩའི་དབྱང་རླུང་གི་ཚད་ལོངས་ཚད་ཀྱི་འགྱུར་ལྡོག་ལ་མཉམ་འཇོག་བྱ་དགོས།
ང་། རབ་ཡིན་ན་ཐ་མག་མི་འཐེན་པ་བཅས་སོ།།