བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་དར་རྒྱས་བྱུང་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-06


        “ང་ལ་ཞོ་སྒམ་གཅིག་དང་འོ་མ་སོས་མ་དམ་བུ་གཉིས་དགོ”ཞེས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་སུ་གནས་པའི་ཚོང་ཁང་ཞིག་གི་ནང་དུ་ལོ30སོན་པའི་གྲོང་མི་ཁྱུང་དར་གྱིས་གསར་འགོད་པར“ཚོང་ཁང་འདིའི་ཞོ་དང་འོ་མའི་སྤུས་ཚད་ཧ་ཅང་ལེགས་པ་དང་། འབྲོག་དུད་ཀྱི་ཁྱིམ་དུ་ཉོས་པ་དང་གཅིག་མཚུངས་ཡིན”ཚོང་ཁང་འདི་ནི་ནག་ཆུ་གྲོང་ཁྱེར་དགའ་བདེ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ལྷ་སར་བཙུགས་པའི་ཡན་ལག་ཚོང་ཁང་གཅིག་གྲས་ཡིན་ཟེར།

        ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་སྨི4500ལས་བརྒལ་བ་དང་འདི་གར་བོད་ལྗོངས་ཀྱི་འབྲོག་ཁུལ་ཆེ་ཤོས་ཡོད། 2017ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ནས། དགའ་བདེའི་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བསྐྲུན་ཏེ་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་སུ་བཏང་། རྟེན་གཞི་ཡིས་རོང་འབྲོག་པའི་ལག་ཏུ་འོ་མ་སོས་པ་ཉོ་བསྡུ་བྱས་ནས་སྲོལ་རྒྱུན་ཐབས་རྩལ་གྱིས་ཞོ་དང་མར་སོགས་འོ་བཟོའི་ཐོན་རྫས་ལས་སྣོན་བྱས་ཏེ་ནག་ཆུ་དང་ལྷ་ས་སོགས་སུ་ཕྱིར་འཚོང་བྱས།

        ཀུང་སིའི་འགན་འཁུར་བས་ལོ་འགའི་རིང་འཕེལ་རྒྱས་བྱུང་བ་བརྒྱུད། རྟེན་གཞིས་ཁེ་ལས་དང་འོ་ཁུངས་རྟེན་གཞི། གྲོང་ཚོ་རིམ་པའི་མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་འབྲེལ་གྱི་འབྲི་གཡག་གསོ་སྤེལ་གཉེར་སྐྱོང་བྱེད་སྟངས་རྒྱལ་ཁའི་ངང་འཚོལ་ཞིབ་ཐུབ་ཡོད་ལ། མིག་སྔར་རྟེན་གཞི་འཕེལ་རྒྱས་ཀྱི་གནས་ཚུལ་ཅུང་ལེགས་པ་དང་ལོའི་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི2000ལས་བརྒལ་ཡོད་ཅེས་བཤད།

        གསེར་རྙེད་ཆུས་རྟ་དཀར་གྲོང་ཚོའི་ཐུན་མོང་མཉམ་ལས་ཁང་འགན་འཁུར་བ་ཚེ་རིང་ཕུན་ཚོགས་ཀྱིས་མཉམ་ལས་ཁང་གིས་འབྲོག་དུད་ཀྱི་འོ་མ་གཅིག་སྡུད་བྱས་ནས་གཅིག་གྱུར་གྱིས་རྟེན་གཞིར་ཕྱིར་འཚོང་བྱེད་པ་དང་ཡོང་འབབ་ཉིན་དེར་རྩིས་རྒྱག་བཞིན་ཡོད་ཅེས་བཤད། ཚེ་རིང་ཕུན་ཚོགས་ཀྱི་ཁྱིམ་དུ་བསྡོམས་པས་འབྲི་གཡག140ལྷག་ཡོད་ཅིང་། ཆ་སྙོམས་ཉིན་རེར་འོ་མ་རྒྱ་མ70ཕྱིར་འཚོང་བྱས་ན་ཡོང་འབབ་སྒོར800ལས་བརྒལ་ཡོད།

        ཀུང་སིའི་འགན་འཁུར་བས་འབྲོག་མིས་ད་དུང་དུས་ཐུང་ངལ་ལས་དང་ཡུན་རིང་ལས་ཞུགས། རྩྭ་ར་འཁོར་རྒྱུག་སོགས་ཀྱི་རྣམ་པ་བརྒྱུད་ནས་དཔལ་འབྱོར་ཡོང་འབབ་ཇེ་མང་དུ་བཏང་ཡོད་ཅེས་བཤད། ངོ་སྤྲོད་བྱས་པ་ལྟར་ན། ཀུང་སི་གཉེར་སྐྱོང་བྱས་པ་ནས་བཟུང་ས་གནས་ཀྱི་འབྲོག་མི5614ལ་འབབ་འཕར་བྱུང་བར་སྐུལ་ཁྲིད་བྱས་ཡོད།

པར་འདི་ནི་སྤོ་མེས་རྫོང་ཁྲབ་རྨོག་གྲོང་རྡལ་གྱི་ནགས་གསེབ་དུ་ལས་དོན་མི་སྣས་སྡོང་ཕུང་ལ་བདག་སྐྱོང་བྱེད་བཞིན་པའི་རྣམ་པ་རེད།

        ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གི་སྡོང་ཕུང་འདེབས་འཛུགས་ཀྱི་ལོ་རྒྱུས་ཡུན་རིང་མོད། འོན་ཀྱང་དུས་ཡུན་རིང་བའི་ནང་ཞིང་དུད་སོ་སོས་ཁེར་རྐྱང་འདེབས་འཛུགས་བྱེད་བཞིན་ཡོད་པས་ཐོན་ཚད་དམའ་བ་དང་ཡོང་འབབ་ལ་ཚད་བཀག་ཡོད།

        2020ལོར། སྤོ་མེས་རྫོང་གི་བོད་སྐྱོར་སྟོབས་ཤུགས་ཀྱིས་ཚན་ཞིབ་དཔུང་སྡེ་ནང་འདྲེན་བྱས་པ་བརྒྱུད། བོད་ལྗོངས་སྤོ་མེས་ཀྱི་མཐོ་སྒང་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་པ་མ་ཟད། སྡོང་ཕུང་ནགས་གསེབ་དུ་རི་སྐྱེས་གསོ་སྤེལ་བྱེད་པར་ཞིབ་འཇུག་བྱས་པས། མཐོ་སྒང་སྡོང་ཕུང་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབས་པ་རེད།

        “སྤོ་མེས་སུ་འབྱོར་རྗེས་ཀྱི་ལས་འགན་ཐོག་མ་ནི་རི་སྐྱེས་སྡོང་ཕུང་དང་གདུགས་དབྱིབས་ཤ་མོ་འཚོལ་ཞིབ་བྱས་ནས་བོད་ཀྱི་སྡོང་ཕུང་གི་ས་བོན་ལེགས་འདེམས་གསོ་སྤེལ་བྱ་རྒྱུ་དེ་ཡིན”ཞེས་བོད་ལྗོངས་སྤོ་མེས་མཐོ་སྒང་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་དཔོན་ཆིག་ཆོན་ལེ་ཡིས་བཤད། ཐེངས་རེ་རེའི་འཚོལ་ཞིབ་དང་ཚོད་ལྟ་བྱས་པ་བརྒྱུད་ཀུང་སིས་བོད་ཀྱི་སྡོང་ཕུང་གི་ས་བོན་རྒྱལ་ཁའི་ངང་ལེགས་འདེམས་གསོ་སྤེལ་བྱས།

        དེང་སྐབས། ཀུང་སིས་བོད་ཀྱི་སྡོང་ཕུང་མུའུ1700འདེབས་འཛུགས་བྱེད་བཞིན་ཡོད་པ་དང་སོན་བཟང་གསོ་སྤེལ་རྟེན་གཞིར་མུའུ20ཡོད། བོད་ཀྱི་སྡོང་ཕུང་འདེབས་འཛུགས་ལས་དོན་ཡོད་ཚད་ནགས་གསེབ་དུ་གཉེར་བཞིན་ཡོད་མོད། ནགས་ཚལ་གྱི་སྐྱེ་ཁམས་ལ་གཏོར་བརླག་བྱས་མེད། འདེབས་འཛུགས་ལག་རྩལ་སྔར་ལས་ལྷག་པའི་ཁྱབ་གདལ་དུ་བཏང་རྗེས། མང་ཚོགས་ཀྱིས་ཁང་མདུན་དང་ཁང་རྒྱབ་དུ་འདེབས་འཛུགས་བྱས་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ཆོག

པར་འདི་ནི་སྤོ་མེས་རྫོང་ཁྲབ་རྨོག་གྲོང་རྡལ་གྱི་ནགས་གསེབ་དུ་ལས་དོན་མི་སྣས་སྡོང་ཕུང་སྐྱེ་འཚར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པའི་རྣམ་པ་རེད།

        མིག་སྔར། ཀུང་སིས་རིན་མེད་ལག་རྩལ་གསོ་སྦྱོང་སྤེལ་བ་བརྒྱུད། བོད་ཀྱི་སྡོང་ཕུང་འདེབས་འཛུགས་ལག་རྩལ་སྤོ་མེས་རྫོང་གི་སྲིད་འཛིན་གྲོང་ཚོ14ཁྱབ་གདལ་དུ་བཏང་ནས་མང་ཚོགས་སྟོང་ཕྲག་ལྷག་ལ་ཕན་བཏགས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ཀྱིིས་ས་ཞིང་འཁོར་རྒྱུག་དང་ས་ཞིང་བོགས་གཏོང་དངུལ། ངལ་ལས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དཔལ་འབྱོར་ཡོང་འབབ་ཇེ་མང་དུ་བཏང་ཆོོག 2022ལོར། ཀུང་སིའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི2000ཙམ་ཟིན་པ་དང་། ས་གནས་མང་ཚོགས་ལ་ངལ་ལས་གྲོན་དངུལ་དང་ས་ཞིང་བོགས་གཏོོང་དངུལ་སྒོར་ཁྲི300ལྷག་སྤྲད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1