༄༅། །སྨན་འདི་རིགས་བསྟེན་ན་སྲོག་ལ་ཉེན་ཁ་ཡོད་ཅེས་པ་བདེན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-06


        མིག་སྔར་ཏོག་གསར་ནད་དུག་འགོས་པའི་མི་ཚང་མར་ཚ་རྒྱས་པ་སོགས་ཀྱི་ནད་རྟགས་ཞོར་དུ་ཐོན་གྱི་ཡོད། དྲ་ལམ་དུ་ཚ་འཇོམ་སྨན་པུའུ་ལོ་ཧྥུན་སྤྱད་ན་སྲོག་ལ་ཉེན་ཁ་ཡོད་ཟེར་བ་བདེན་ནམ། ནད་པས་གང་འདྲ་བྱས་ཏེ་ལུགས་མཐུན་སྒོ་ནས་སྨན་སྤྱོད་དགོས་སམ་ཞེ་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་པེ་ཅིང་ཞེ་ཧོ་སྨན་ཁང་གི་སྨན་རྫས་ཚན་ཁག་གི་ཀྲུའུ་རེན་ཀྲང་པོ་གདན་འདྲེན་ཞུས་ནས་གསལ་འགྲེལ་བྱས་འདུག

        དྲ་ལམ་དུ་སྨན་པུའུ་ལོ་ཧྥུན་སྤྱད་ན་སྲོག་ལ་ཉེན་ཁ་ཡོད་ཅེས་བརྗོད་པའི་ཐད་ལ། རིགས་གཅིག་མཁས་ཅན་གྱིས་འགོས་ནད་ཚབས་ཆེ་རུ་འགྲོ་བ་དང་། ཡང་ན་སྲོག་ལ་ཉེན་ཁ་བཟོ་བའི་རིགས་ཐོན་མི་སྲིད་ཅེས་བརྗོད་འདུག

        ཚ་རྒྱས་པ་ནི་ཏོག་གསར་ནད་དུག་འགོས་པའི་མིར་མཚོན་ན་དེ་ནི་བལྟོས་བཅསསུ་ཡོངས་ཁྱབ་ཀྱི་ནད་རྟགས་ཤིག་རེད། པེ་ཅིང་ཞེ་ཧོ་སྨན་ཁང་སྨན་རྫས་ཚན་ཁག་གི་ཀྲུའུ་རེན་ཀྲང་པོ་ཡིས་ངོ་སྤྲོད་བྱས་དོན། ནད་པའི་ལུས་དྲོད་38.5℃ལས་མཐོ་བའི་སྐབས་སུ་ཚ་འཇོམ་ཟུག་འཇགས་སྨན་སྤྱད་ནས་ནད་རྟགས་ཞི་ལྷོད་དུ་གཏོང་ཆོག་པ་དང་། མང་ཚོགས་ཀྱིས་རྒྱུན་དུ་སྤྱོད་པའི་ཚ་འཇོམ་ཟུག་འཇགས་སྨན་རིགས་གཉིས་ནི་པུའུ་ལོ་ཧྥུན་དང་ཏུད་དབྱི་ཤན་ཨན་རྨང་ཧྥུན་གཉིས་ཡིན། ནད་རྟགས་ལ་གཞིགས་ནས་སྨན་བཅོས་བྱེད་པའི་སྨན་རྫས་ཡིན་པའི་ཆ་ནས་དེའི་ཚ་འཇོམ་ཟུག་འཇགས་ཀྱི་ཕན་ནུས་ཆེ་ལ་ནུས་པ་ཐོན་མགྱོགས་པོ་ཡོད།

        ཀྲང་པོ་ཡིས། སྤྱིར་བཏང་དུ་ང་ཚོས་སྨན་ཉིན་གཅིག་གཉིས་བསྟེན་ཏེ་ཚ་བ་དང་ན་ཟུག་འཇོམ་ན་སྨན་བསྟེན་མཚམས་བཞག་ཆོག སྨན་དེ་རིགས་དུས་ཡུན་རིང་པོ་སྤྱོད་མི་དགོས། ཚ་འཇོམ་ཟུག་འཇགས་ཀྱི་སྨན་རིགས་ཤིག་སྤྱད་པས་ཆོག་ཅིང་། ཚ་འཇོམ་ཟུག་འཇགས་སྨན་རིགས་མང་པོ་མ་སྤྱོད་ན་ལེགས། རྒྱུ་མཚན་ནི་ཚ་འཇོམ་ཟུག་འཇགས་སྨན་རིགས་མང་པོའི་གྲུབ་ཆ་གཅིག་པ་ཡིན་པའམ་རིགས་འདྲ་ཡིན་ཞིང་། སྨན་རྫས་སྤྱོད་ཚད་ཚད་ལས་བརྒལ་བའི་གནས་ཚུལ་ཐོན་སྲིད་ཅེས་བཤད་འདུག图片

        རྒྱལ་སྤྱིའི་དུས་དེབ་ཐོག་སྨན་པུའུ་ལོ་ཧྥུན་བསྟེན་ན་སྲོན་ལ་ཉེན་ཡོད་པའི་སྐོར་གྱི་ཆ་འཕྲིན་དེ་བདེན་མིན་ཐད། ཀྲང་པོ་ཡིས་རྩོམ་ཡིག་དེ་ནི་2020ལོའི་ཟླ་3པར་སྤེལ་བ་ཞིག་ཡིན་ཞིང་། རྩོམ་པ་པོས་པུའུ་ལོ་ཧྥུན་གྱིས་ཁྲག་རྩའི་འཚུབ་སྐུལ་རྒྱུའི་རྩབས་འགྱུར་ཆུ་ཚད་མཐོ་རུ་གཏོང་སྲིད་པ་དང་། རྩབས་དེ་རིགས་ཏོག་གསར་ནད་དུག་འགོས་པ་དང་འབྲེལ་བ་ངེས་ཅན་ཡོད་པས། རྩོམ་པ་པོས་དེར་གཞིགས་ནས་པུའུ་ལོ་ཧྥུན་གྱིས་ཏོག་གསར་ནད་དུག་འགོས་པའི་ནད་རྟགས་ཚབས་ཆེར་འགྲོ་བའམ་ཡང་ན་སྲོག་ལ་ཉེན་བཟོ་སྲིད་པ་རིགས་འདེད་བྱས་པ་ཞིག་རེད།

        ཀྲང་པོ་ཡིས། འཛམ་གླིང་རྒྱལ་ཁབ་ཁག་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང་འབྲེལ་ཡོད་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་རིག་འདེད་བྱས་ཏེ། པུའུ་ལོ་ཧྥུན་གྱིས་ཏོག་གསར་ལས་བྱུང་བའི་ནད་རྟགས་སྨན་བཅོས་བྱས་པ་དེ་ནི་བདེ་འཇགས་དང་ནུས་ལྡན་ཡིན་པའི་ངོས་འཛིན་བྱས་ཡོད། དེ་རྗེས་ཀྱི་ཞིབ་འཇུག་རབ་དང་རིམ་པ་དང་། གཞི་ཁྱོན་ཆེ་བའི་རིམ་སྒྲིག་ཞིབ་འཇུག་ལས་ཀྱང་པུའུ་ལོ་ཧྥུན་ཚུད་པའི་ཙའེ་རིགས་མ་ཡིན་པའི་གཉན་ཚད་འཇོམ་པའི་སྨན་རྫས་ཀྱིས་ཏོག་གསར་ནད་དུག་འགོས་པའི་ནད་པའི་ནད་རྟགས་ཚབས་ཆེར་གཏོང་མི་སྲིད་པ་དང་སྲོག་ལ་ཉེན་པ་བཟོ་མི་སྲིད་པ་བདེན་དཔང་བྱས་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་ཚང་མས་པུའུ་ལོ་ཧྥུན་ཚ་འཇོམ་ཟུག་འཇགས་ཀྱི་སྨན་བཅོས་ཐད་སྤྱོད་བཞིན་ཡོད་ཅེས་བསྟན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1