2023ལོའི་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-11


        2023ལོའི་དཔྱིད་གསར་གྱི་སྐྱེལ་འདྲེན་དེ།  ཟླ་དང་པོའི་ཚེས7ནས་ཟླ2པའི་ཚེས15བར་གྱི་དུས་ཡུན་ཉིན40ཡིན་ཞིང་། སྔོན་དཔག་བྱས་ན།  དེའི་རིང་ལྷ་སའི་མེ་འཁོར་བབས་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི12སྐྱེལ་འདྲེན་བྱས་ནས།  ཉིན་རེར་ཆ་སྙོམས་མི་ཐེངས3000སྐྱེལ་འདྲེན་བྱེད་པ་དང་། ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། “བདེ་འཇགས་དང་།  གོ་རིམ།  དྲོ་སྐྱིད་ལྡན་པ་བཅས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་དམིགས་ཚད་མངོན་འགྱུར་བྱ་ཆེད།  ཁྲུའུ་དེའི་འགྲུལ་སྐྱེལ་བབས་ཚུགས་ཀྱི་མངགས་གཏོང་ཁང་ཡོངས་རྫོགས2023ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་སྲུང་ལས་དོན་ཁྲོད་ཞུགས་ནས།  མེ་འཁོར་སྤ་སེ་ལོག་ཚོང་རྒྱག་མཁན་ལ་རྡུང་རྡེག་གཏོང་བ་དང་།  རྒྱུན་གཏན་གྱི་བདེ་འཇགས་གནད་དོན་བཅོས་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱ་ཆེའི་འགྲུལ་པ་ཚོ་བདེ་འཇགས་ངང“ཕ་ཡུལ་དུ་ལོག་པར”གཞོགས་འདེགས་བྱ་རྒྱུ་ཡིན་པ་རེད།

       

 ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི“སྐལ་བཟང་མེ་ཏོག”བུད་མེད་ཉེན་རྟོག་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པ་དང་། ལྷ་ས་མེ་འཁོར་བབས་ཚུགས་ཀྱི་དང་བླངས་པ་ཚོས་རྒན་རྒོན་ལ་ཕྱག་རོགས་བྱེད་བཞིན་པ།

        བབས་ཚུགས་ཀྱི་སྒྲིག་ལམ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་ཆེད།  ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས“དྲ་རྙི”དང་།  “དྲ་རྒྱ”“རྔོན་ཁྲ”སོགས་ཀྱི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས།  མེ་འཁོར་བབས་ཚུགས་ཀྱི་མངོན་གསལ་དོད་སར་ཉེན་བརྡའི་མཚོན་རྟགས་འགོད་པ་དང་།  དོ་དམ་བྱེད་ཁོངས་སུ་ཐོན་པའི་ནག་ཚོགས་དང་། གཏུམ་སྤྱོད། མེ་འཁོར་སྤ་སེ་ལོག་ཚོང་རྒྱག་པའམ་འཕྲོག་བཅོམ་མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་གྱི་ཉེས་གསོག་གྱོད་གཞིར་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།  ལྷ་ས་བབས་ཚུགས་མངགས་གཏོང་ཁང་གིས་འགྲུལ་བཞུད་ཀྱི་གནས་ཚུལ་གཞིར་བཟུང་།  ཁོངས་གཏོགས་ཁུལ་དུ་འཕྲད་སྲིད་པའི་བདེ་འཇགས་གནད་དོན་ལ་བརྡར་ཤ་ནན་པོ་གཅོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀ་བྱེད་སྟངས་ལེགས་སྒྲིགསྔོན་འགོག་དང་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཉེན་རྟོག་པ་གནད་ཆེ་སར་མངགས་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་།  ཟིལ་གནོན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། མངགས་གཏོང་ཁང་དེས་ལྷ་སའི་མཐོ་གསར་ཁུལ་གྱི་སྤྱི་བདེ་དང་། གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་སོགས་ཚན་པ་ཁག་དང་མཉམ་དུ། མེ་འཁོར་བབས་ཚུགས་ཀྱི་བདེ་འཇགས་བཅོས་སྒྲིག་གི་ཆེད་དོན་ཚོགས་ཆུང་བཙུགས་ནས། ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་གི་བྱ་ཐབས་དོན་འཁྱོལ་བྱས་ཏེ། ཁྲིམས་ལས་འགལ་ནས་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ཉེས་གསོག་གི་གནད་དོན་ལ་རྡུང་རྡེག་ཚ་ནན་བཏང་ནས་བབས་ཚུགས་ཀྱི་སྒྲིག་ལམ་སྲུང་རྒྱུ་ཡིན་པ་རེད།

ལྷ་ས་ལྕགས་ལམ་སྤྱི་བདེ་མི་དམངས་ཉེན་རྟོག་པས་འགྲུལ་པར་དུག་འགོག་གི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

        དཔྱིད་གསར་དུས་ཆེན་འཆར་ལ་ཉེར་བའི་མཚམས་འདིར། མེ་འཁོར་བབས་ཚུགས་སུ་འགྲུལ་བཞུད་བྱེད་མཁན་ཧ་ཅང་མང་བར་བརྟེན། ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་འགྲུལ་པ་ཚོར་དྲན་སྐུལ་ཞུ་རྒྱུར། ངེས་པར་དུ་རང་སྒེར་གྱི་ཅ་ལག་ལ་ཅ་ག་ཡག་པོ་བྱེད་པ་དང་། མེ་འཁོར་སྒུག་དུས། བབས་ཚུགས་སུ་ཡོད་པའི་བརྙན་འཕྲིན་དང་རྒྱང་བསྒྲགས་ལ་དོ་སྣང་བྱས་ཏེ། འགྲུལ་བཞུད་བྱེད་པའི་དུས་ཚོད་མི་ནོར་བ་བྱེད་དགོས། ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་འབྲེལ་གཏུག་ཁ་པར་ཨང་གྲངས། 0891-6756110

ལྷ་ས་ལྕགས་ལམ་སྤྱི་བདེ་མི་དམངས་ཉེན་རྟོག་པས་མེ་འཁོར་སྒུག་སར་འགྲུལ་པར་རོགས་རམ་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1