མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 01-12


འདི་ནི་དྲ་རྒྱ་སྲུང་སྐྱོང་མི་སྣས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་5Gདྲ་རྒྱར་ཞིབ་དཔྱད་དང་རིམ་སྤོར་བྱེད་བཞིན་པ།

        དུས་ཆེན་རིང་ཡུལ་སྐོར་བའི་ཡུལ་སྐོར་གྱི་མྱོང་ཚོར་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར། ཀྲུང་གོ་གློག་འཕྲིན་གཞིས་རྩེ་ཡན་ལག་ཀུང་སིས་མཛེས་ལྗོངས་ཁུལ་གལ་ཆེན་གྱི་དྲ་རྒྱའི་ཞབས་ཞུའི་རིམ་སྤོར་ལས་དོན་སྤེལ་ནས་ཡུལ་སྐོར་བ་གཞིས་རྩེར་ཡུལ་སྐོར་དང་སྦྲགས། ཟ་སྡོད་འགྲོ་གསུམ་དང་ཉོ་སྒྲུབ་བཅས་བྱེད་པར་རམ་འདེགས་ཡག་པོ་བྱས་པ་དང་། རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་ཡུལ་སྐོར་བའི་འཕྲིན་གཏོང་དྲ་རྒྱའི་དགོས་མཁོ་བསྐངས་ཏེ་གཞིས་རྩེའི་ཡུལ་སྐོར་དེ་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཆ་འཕྲིན་གྱི་འགན་ལེན་དང་དྲ་རྒྱའི་འདེགས་སྐྱོར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1