ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་12ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་སྤྱི་བསྒྲགས་སྤེལ་ནས། དབྱིན་ཇི་སྲིད་གཞུང་གིས་ཨུ་རུ་སུར་ངོ་རྒོལ་བྱེད་པའི་སྲིད་ཇུས་སྤྱད་དེ། ཨུ་རུ་སུའི་སྤྱི་དམངས་ལ་བཀག་སྡོམ་བྱ་རྒྱུ་གང་བྱུང་དུ་སྤྱད་པ་དང་། དྲིལ་བསྒྲགས་བྱེད་སྒོ་མང་པོ་སྤེལ་ནས་ཨུ་རུ་སུར་དམའ་འབེབས་བཏང་བ་མ་ཟད། རྒྱལ་སྤྱིའི་གར་སྟེགས་ཐོག་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་འཇོག་གི་ཡོད། ཨུ་རུ་སུའི་ཕྱི་འབྲེལ་པུས་དབྱིན་ཇིའི་ནང་བློན་ཁང་གི་ཁོངས་མི་དང་། བདེ་འཇགས་སྒྲིག་གཞིའི་འཐུས་མི། སྨྱན་སྦྱོར་མི་སྣ་བཅས་མི་36ཨུ་རུ་སུར་ཡོང་མི་ཆོག་པའི་མིང་ཐོར་འགོད་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་འཁོད་ཡོད་པ་རེད།