པར་འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཡུལ་ཡིན་པ།
པར་འདི་ནི་སྲིད་གྲོས་ཨུ་ཡོན་གྱིས་འདེམས་ཤོག་འཕེན་བཞིན་པ།
པར་འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཡུལ་ཡིན་པ།
པར་འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཡུལ་ཡིན་པ།
པར་འདི་ནི་སྲིད་གྲོས་ཨུ་ཡོན་རྣམ་པ་ཚོགས་ར་ནས་དོན་བཞིན་པ།
པར་འདི་ནི་ཨུ་ཡོན་ཚོས་ཚོགས་ཆེན་གྲོལ་རྗེས་དྲན་རྟེན་པར་བསྐྱོན་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགན་འཁྲི་གསར་པ་ཕྲག་ཏུ་ཁུར། རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས། ཟླ་1ཚེས་12ཉིན། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་ནས་ཕེབས་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བསྣམས་ཏེ་ལྷན་དུ་འཛོམས་པ་དང་། འགན་འཁྲི་ནན་ཏན་ངང་ཁུར་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གླེང་ཞིང་། དུས་ཡུན་ཉིན་4ཡི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཟླ་1ཚེས་15ཉིན་གྱི་ཕྱི་དྲོར་རྒྱལ་ཁའི་ངང་གྲོལ་བ་རེད།
ཚོགས་འདུའི་རིང་། ཨུ་ཡོན་ཚོས་སྤྱི་ཡོངས་བསམ་བཀོད་ཐུབ་པའི་ཆབ་སྲིད་ཀྱི་ཚུགས་གནས་དང་། སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་འཁྱེར་སོ། དམངས་འཚོར་འཆང་བའི་འགན་སྒྲུབ་ཀྱི་བརྩེ་སེམས་བཅས་ལ་བརྟེན་ནས་སྙན་སྒྲོན་ལ་གྲོས་བསྡུར་དང་གྲོས་ཞིབ་གནང་བ་དང་། གྲོས་མོལ་སྲིད་གླེང་གཏིང་ཟབ་གནང་བ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང་། ཡུལ་སྐོར་རིག་གནས་སོགས་ལ་དམིགས་ནས་བློ་བསྡུས་དགེ་འཚོལ་དང་གང་བསམ་ལྷུག་གླེང་གིས་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི“རྒྱུགས་ཤོག”ཅིག་ཕུལ་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུཌ་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།
ངར་སེམས་ཆེར་སྐྱེད་བརྗིད་ཆེའི་འཆར་གཞི་འགོད། འབད་འབུངས་ཡར་བརྩོན་མ་འོངས་ཕྱོགས་སུ་སྐྱོད། དུས་ཚོད་དང་ལོ་རྒྱུས་དཔའ་མཛངས་རྟུལ་ཕོད་ཅན་ལ་དབང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། །