ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན། 《ཉིའུ་ཡུའུ་སྐབས་དོན་ཚགས་པར་》ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲུང་པུས་དབྱི་སི་རལ་དུ་གསོག་འཇོག་བྱས་པའི་རྫས་མདེལ་འབོར་ཆེན་ཞིག་ཨ་རི་དང་དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཡུག་རེན་དུ་དབོར་ནས། ཡུག་རེན་གྱི་སྒྱོགས་མདེལ་གྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་རྩིས་ཡོད་ཅེས་བརྗོད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། མཛོད་ཉར་དེ་དག་ནི་ཨ་རིའི་རྒྱལ་སྲུང་པུས་དབུས་ཤར་གྱི་གདོང་ཐུག་ལ་སྤྱོད་པའི་མཚོན་ཆ་དང་རྫས་མདེལ་གྲབས་གསོག་བྱས་པ་ཞིག་ཡིན་པ་དང་། ཨ་རིས་གནས་ཚུལ་ཛ་དྲག་འོག་དབྱི་སི་རལ་ལ་དངོས་ཟོག་དེ་དག་སྤྱད་ཆོག་པར་བྱས་ཡོད་པ་རེད།