ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་བརྙན་ལམ་བརྒྱུད་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-20


ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་བརྙན་ལམ་བརྒྱུད་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ།

རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་དང་། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་བཅས་ཡོང་བའི་སྨོན་འདུན་ཞུས་པ།

ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཀྱིས་ལྷན་དུ་འཚམས་འདྲི་གནང་བ།

ཟླ་1ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ།

        ཞི་ཅིན་ཕིང་གིས“དུས་ཆེན་སྐབས་སུ་གཉེན་ཉེ་ལྷག་པར་དྲན”ཞེས་པ་ལྟར་དཔྱིད་གསར་དུས་ཆེན་སྐབས་ང་རང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཧ་ཅང་དྲན་པོ་འདུག ལོ་ལྟར་གྱི་སྐབས་དེར་ངས་རྟག་ཏུ་གཞི་རིམ་དུ་ཡོང་ནས་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་བཤད་དེ། ཚང་མར་དཀའ་ངལ་གང་ཡོད་མེད་དང་ལོ་གསར་གང་འདྲ་གཏོང་རྩིས་ཡོད་མེད་དྲིས་ནས། ཚང་མ་དང་དཔྱིད་གསར་བསུ་བའི་དགའ་སྤྲོའི་རྣམ་པ་མཉམ་སྤྱོད་བྱེད་ཀྱི་ཡོད། འདི་ལོ་བརྙན་ལམ་བརྒྱུད་ནས་མཐོང་བའི་ས་གནས་དེ་བས་མང་དུ་སོང་བ་དང་མེས་རྒྱལ་གྱི་ཤར་ལྷོ་ནུབ་བྱང་དབུས་ཚང་མ་མཐོང་གི་འདུག ད་ཐེངས་ཚང་མ་དང་ངོ་ཐུག་གདོང་འཕྲད་དངོས་སུ་བྱུང་མེད་ཀྱང་རྒྱལ་ཡོངས་ས་གནས་ཁག་གི་ལོ་གསར་གྱི་རྣམ་པ་ཟབ་མོ་དེ་ཚོར་བྱུང་ལ། ཚང་མའི་བདེ་སྐྱིད་དང་སྤྲོ་སྣང་ཡང་ཚོར་གྱི་འདུག ངའི་སེམས་པ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མ་དང་ཐོག་མཐའ་བར་གསུམ་དུ་སྦྲེལ་ནས་ཡོད། དེ་གར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། ལས་གནས་ཐོག་སྔར་བཞིན་དཀའ་སྤྱད་ལས་སྒྲུབ་བྱེད་མཁན་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། མི་རིགས་ཁག་གི་མི་དམངས་གཟུགས་གཞི་བདེ་ཐང་དང་། ཁྱིམ་ཚང་འཆམ་མཐུན། བྱ་གཞག་ཡར་རྒྱས། ཆུ་ཡོས་ལོར་བཀྲ་ཤིས་བདེ་ལེགས། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་དམངས་རྣམས་བདེ་ལ་འཁོད་པ་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཀྱིས་ལྷན་དུ་འཚམས་འདྲི་གནང་བ་རེད།

        དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ཀྲུང་གོའི་ས་གཞི་ཆེན་པོར་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། ཟླ་1ཚེས་18ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མ་ནས་ཧེ་ལུང་ཅང་དང་། ཧྥུའུ་ཅན། ཤིན་ཅང་། ཧོ་ནན། པེ་ཅིང་། སི་ཁྲོན་སོགས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་བརྙན་ལམ་སྦྲེལ་མཐུད་གནང་སྟེ། རིམས་འགོག་འཐབ་ཕྱོགས་དང་པོའི་སྨན་དོན་མི་སྣ་དང་། ཕན་བདེ་ཁང་གི་གྲོགས་པོ་རྒན་གྲས། ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཁེ་ལས་ཀྱི་ལས་མི། མྱུར་བགྲོད་ལྕགས་ལམ་བབས་ཚུགས་ཀྱི་ལས་བྱེད་ལས་བཟོ། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཚོང་དུད་དང་མང་ཚོགས། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་བཅས་ཚང་མར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་གནང་ལུགས་མཚོན་པར་གནང་བ་རེད།

        ཞི་ཅིན་ཕིང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། ཁོང་གིས་དང་ཐོག་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་དང་བརྙན་ལམ་སྦྲེལ་མཐུད་གནང་སྟེ། སྨན་དོན་མི་སྣ་དང་སྨན་ཁང་དུ་སྡོད་མཁན་ནད་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་བཟང་སྒྲིག་དང་ལེགས་སྒྲིག་བྱས་རྗེས་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་དང་། ནད་ལྕི་སྐྱོབ་བཅོས། སྨན་རྫས་བཀོད་སྒྲིག ནད་པ་དྲག་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྨན་ཁང་གི་ཡོན་ཀྲང་གིས“དོས་དྲག་རང་བཞིན་གྱི་ནད་གཞི་དང་ནད་ལྕི་ཕོག་པའི་ནད་པའི་མི་གྲངས་ཉུང་དུ་འགྲོ་བ་དང་། ནད་ཁང་དང་ཉལ་ཁྲི་འདང་ངེས་ཡོད་པ། སྨན་རྫས་གྲ་སྒྲིག་གང་ལེགས་ཡོད་པ”བཅས་ཀྱི་སྐོར་ཞུས་པ་གསན་རྗེས་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་བྱུང་ཞིང་། ཁོང་གིས་ཉེ་བའི་ལོ་གསུམ་རིང་། ང་ཚོས་ཏོག་གསར་རིམས་ནད་ལ“རིགས་ཁ་པའི་དོ་དམ་བྱེད་ཐབས་ཀ་པ”ལག་བསྟར་བྱས་པ་ནི་གདམ་ག་ཡང་དག་ཅིག་ཡིན་ཞིང་། ནད་དུག་གཞན་འགྱུར་གྱི་རྡབ་རྡེག་རེས་སྐོར་མང་པོ་ཐེག་པར་བྱས་པ་དང་། ནད་ལྕི་ཕོག་ཚད་དང་འཆི་ཚད་ཉུང་དུ་གཏོང་གང་ཐུབ་བྱས་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལེགས་སུ་གཏོང་བ་དང“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པ”ལག་བསྟར་བྱས་པ་ལས་རྩ་ཆེའི་དུས་ཚོད་ཐོབ་ཡོད། ད་ཆ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་མཚམས་གསར་པར་སླེབས་ནས་སྔར་བཞིན་དཀའ་ཚེགས་ཆེ་མོད། འོན་ཀྱང་སྐྱ་མདའ་གཏོང་གྲབས་ཡོད་པས་མཐའ་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་རེད། མིག་སྔར་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་དེ་འགོ་ནད་སྔོན་འགོག་ནས་སྨན་བཅོས་སྐྱོབ་བཅོས་སུ་གྱུར་པས། གཙོ་གནད་ནི་བདེ་ཐང་འགན་ལེན་དང་ནད་ལྕི་སྔོན་འགོག་བྱ་རྒྱུ་ཡིན་པ་དང་། སྨན་ཁང་གིས་འཁུར་བའི་ལས་འགན་དེ་བས་ལྕི་པོ་ཡོད། དེས་ན་སྨན་བཅོས་ཐོན་ཁུངས་སྔར་བས་ཇེ་མང་དུ་གཏོང་དགོས་པ་དང་། སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྨན་རྫས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལྷག་པར་དུ་ནད་ལྕི་སྐྱོབ་བཅོས་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་འགན་ལེན་བྱེད་དགོས་པ། སྨན་དོན་མི་སྣའི་རང་ངོས་འགོག་སྲུང་དང་སེམས་ཁུར་བྱམས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁོང་ཚོའི་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་འགོག་བཅོས་དང་གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ། གཙོ་གནད་སྒྲིག་གཞི་དང་། གཙོ་གནད་ཚན་པ། གཙོ་གནད་མི་ཚོགས་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་པ། སྨན་བཅོས་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བྱས་ཏེ། མང་ཚོགས་ཀྱི་སྨན་བཅོས་དང་སྨན་སྤྱོད་པའི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས་པ་དང་། གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞན་ཆ་སེལ་དགོས་པ་བཅས་རེད།

        བརྙན་ལམ་སྦྲེལ་མཐུད་ཁ་ཕྱོགས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་བསྒྱུར་ཅིང་། ཕན་བདེ་ཁང་དུ་ཡོད་པའི་རྒན་རྒོན་དང་ནད་སྐྱོང་བས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་འཚམས་འདྲི་གནང་བ་རེད།

        ཤིན་ཧྥ་ཏི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ནི་པེ་ཅིང་གྲོང་ཁྱེར་གྱི“ཤ་ཚལ་སྒོང”གསུམ་དང“ཤིང་འབྲས”སྡེབ་ཚོང་ཁྲོམ་ར་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་སྡེབ་ཚོང་ཁྲོམ་རའི་གཞིས་ལུས་ཚོང་དུད་དང་ལོ་གསར་མཁོ་ཆས་ཉོ་མཁན་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

        ས་གནས་ཁག་གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུའི་སྒྲ་དང་དགའ་འབོད་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས“དུས་ཆེན་སྐབས་སུ་གཉེན་ཉེ་ལྷག་པར་དྲན”ཞེས་པ་ལྟར་དཔྱིད་གསར་དུས་ཆེན་སྐབས་ང་རང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཧ་ཅང་དྲན་པོ་འདུག ལོ་ལྟར་གྱི་སྐབས་དེར་ངས་རྟག་ཏུ་གཞི་རིམ་དུ་ཡོང་ནས་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་བཤད་དེ། ཚང་མར་དཀའ་ངལ་གང་ཡོད་མེད་དང་ལོ་གསར་གང་འདྲ་གཏོང་རྩིས་ཡོད་མེད་དྲིས་ནས། ཚང་མ་དང་དཔྱིད་གསར་བསུ་བའི་དགའ་སྤྲོའི་རྣམ་པ་མཉམ་སྤྱོད་བྱེད་ཀྱི་ཡོད། འདི་ལོ་བརྙན་ལམ་བརྒྱུད་ནས་མཐོང་བའི་ས་གནས་དེ་བས་མང་དུ་སོང་བ་དང་མེས་རྒྱལ་གྱི་ཤར་ལྷོ་ནུབ་བྱང་དབུས་ཚང་མ་མཐོང་གི་འདུག ད་ཐེངས་ཚང་མ་དང་ངོ་ཐུག་གདོང་འཕྲད་དངོས་སུ་བྱུང་མེད་ཀྱང་རྒྱལ་ཡོངས་ས་གནས་ཁག་གི་ལོ་གསར་གྱི་རྣམ་པ་ཟབ་མོ་དེ་ཚོར་བྱུང་ལ། ཚང་མའི་བདེ་སྐྱིད་དང་སྤྲོ་སྣང་ཡང་ཚོར་གྱི་འདུག ངའི་སེམས་པ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མ་དང་ཐོག་མཐའ་བར་གསུམ་དུ་སྦྲེལ་ནས་ཡོད། དེ་གར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། ལས་གནས་ཐོག་སྔར་བཞིན་དཀའ་སྤྱད་ལས་སྒྲུབ་བྱེད་མཁན་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། གནམ་གང་དང་དཔྱིད་གསར་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་། ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་ཀྱིས་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་རྟེན་འབྲེལ་ཉིན་མོ་རེད། ངའི་བསམ་འདུན་ཆེ་ཤོས་ནི་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་ཡག་པོ་ཞིག་གཏོང་རྒྱུ་དེ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དུས་ཆེན་རིང་གི་གློག་དང་དྲོད་རླངས་མཁོ་འདོན་འགན་ལེན་ཏན་ཏིག་བྱེད་པ་དང་“ཤ་ཚལ་སྒོང”གསུམ་དང་། “ཟ་འབྲུ” “ཤིང་འབྲས”བཅས་ལ་དམ་འཛིན་ཡག་པོ་བྱེད་པ། བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ལྷག་པར་དུ་དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ཐོལ་བྱུང་དོན་རྐྱེན་དང་བདེ་འཇགས་ལས་འཛོལ་སྣ་ཚོགས་ལ་འགོག་ཟོན་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དགའ་སྤྲོ་དང་། བཀྲ་ཤིས། བདེ་འཇགས། ཞི་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། འདས་ཟིན་པའི་2022ལོ་ནི་སྤྱིར་བཏང་གཏན་ནས་མིན་ལ་ཧ་ཅང་དཀའ་ཚེགས་ཆེ་བའི་ལོ་ཞིག་རེད། ང་ཚོས་མཉམ་དུ་འབད་བརྩོན་བྱས་པས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་འཐབ་ཕྱོགས་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཚང་མས་ལེགས་སྐྱེས་ཧུར་ཐག་ཕུལ་བས་ཚང་མ་ནི་གུས་པར་འོས་པ་ཤ་སྟག་རེད། ལོ་གསར་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་རེད། རེ་བར་ཚང་མས་གདེང་ཚོད་བརྟན་གཏོང་དང་། སྙིང་སྟོབས་ཆེར་སྐྱེད། ཕྱར་བ་གྲུ་འདེགས་བཅས་བྱས་ནས་ལས་དོན་ཧུར་ཐག་བསྒྲུབས་ཏེ། ལོ་གསར་པའི་ནང་བྱས་རྗེས་དེ་བས་ཆེ་བ་འཇོག་རྒྱུ་དང་ཕན་འབྲས་དེ་བས་ཆེ་བ་ཐོན་པར་བྱེད་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1