༄༅།།མཚོ་སྔོན་གྱི་ཆེས་མཛེས་པའི་མཚེའུ་ཆེན་པོ་བཅུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 01-30



གཅིག མཚོ་སྔོན་པོ།(青海湖)

        མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཆེས་ཆེ་བའི་ཚྭ་ཆུའི་མཚེའུ་ཡིན་པ་དང་། དེ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཆུ་གཟུགས་གལ་ཆེན་ཞིག་ཡིན་ལ། ནམ་ཟླའི་འགྱུར་ལྡོག་གི་དབང་གིས། མཚོ་ངོས་སུ་ཁ་དོག་མི་འདྲ་བ་མང་བོ་འབྱུང་།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

གཉིས། ཚྭ་ཁའི་ཚྭ་མཚོ།(茶卡盐湖)

        གལ་ཏེ་རང་རྒྱལ་གྱི“ནམ་མཁའི་མེ་ལོང”ཞེས་གླེང་ཡོང་ན། ཚང་མའི་སེམས་ལ་དྲན་པ་ནི་ཚྭ་ཁའི་ཚྭ་མཚོ་ཡིན་སྲིད། ཚྭ་ཁའི་ཚྭ་མཚོ་ནི་རང་བྱུང་གི་ཞུན་ཐིགས་གཟུགས་ཀྱི་ཚྭ་མཚོ་ཞིག་ཡིན་པ་དང་། དེ་ནི་མེ་ལོང་ཆེན་པོ་ཞིག་གི་ནང་དུ་ནམ་མཁའ་དང་སྤྲིན་དཀར་ཤར་བ་ལྟར་ཡོད།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

གསུམ། ཚྭ་ཁམས་ཚྭ་མཚོ།(察尔汗盐湖)

        རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ནི་ཚྭ་ཁམས་ཚྭ་མཚོ་ཡིན་ལ། མཚོ་ནང་གི་རླན་གཤེར་ལ་རླངས་འགྱུར་བྱུང་བ་ལས་ཚྭ་མཚོའི་མཛེས་སྡུག་བསྐྲུན་པ་དང་། ཚྭ་ལས་གྲུབ་པའི་མེ་ཏོག་ནི་དྭངས་ཕྲུང་ཕྲུང་དང་ཁྲ་སིང་སིང་ངང་ཡོད་ཅིང་། ཉམས་འགྱུར་འདྲ་མིན་སྣ་ཚོགས་ལྡན།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

བཞི། མརྒཏ་མཚོ།(翡翠湖)

        གལ་ཏེ། ཚྭ་ཁའི་ཚྭ་མཚོ་ནི་ནམ་མཁའི་མེ་ལོང་ཡིན་ཞེས་བརྗོད་ན། མརྒཏ་མཚོ་ནི་དོག་མོ་ས་ཡི་ལྭ་བ་ཡིན་ཞེས་བརྗོད་ཆོག མཚོ་ནང་དུ་ཡོད་པའི་གཏེར་རྒྱུའི་གར་ཚད་དང་འོད་འཕྲོ་མི་འདྲ་བའི་དབང་གིས། ཁ་དོག་རྣམ་པ་བཀྲ་བ་ཞིང་མི་སེམས་ཕྲོགས་པའི་ངོ་མཚར་མཛེས་ལྗོངས་མང་བོ་མངོན་ཡོད།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

ལྔ། ཧ་ལ་མཚོ།(哈拉湖)

        ཧ་ལ་མཚོ་ནི་རང་ཞིང་གི་མཚེའུ་ཆེན་པོ་གཉིས་པ་ཡིན་ཞིང་། དེ་ནི་ཚང་མ་ལ་གསལ་ཆ་ཡོད་པའི་མཐོ་སྒང་གི་ཚྭ་ཆུའི་མཚེའུ་ཞིག་ཡིན། མཚེའུ་ནི་མདོ་ལ་རི་བོའི་ལྟེ་བ་ན་ཡོད་ཅིང་། ཉེ་འཁོར་ཚང་མ་མི་མེད་ལུང་སྟོང་ཁུལ་ཡིན་ནའང་། ཡུལ་ལྗོངས་ཉམས་དགའ་བས། མཐོ་སྒང་གི་བླ་སྲོག་མང་བོའི་ཁྱིམ་གཞིས་ཡིན།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

དྲུག ཚ་རྔ་མཚོ།(龙羊湖)

        ཚ་རྔ་མཚོ་ནི་རྨ་ཆུའི་གཞུང་རྒྱུན་ཐོག་གི་ཆུ་མཛོད་ཤོང་ཚད་དང་ཆུ་མཛོད་རྒྱ་ཁྱོན་དེ་རྒྱལ་ཡོངས་ནས་ཆེས་ཆེ་བའི་ཚྭ་མེད་ཆུའི་མཚེའུ་ཞིག་ཡིན་པ་དང་། དེ་རུ་སྐྱེ་དངོས་རིགས་རྒྱུད་ཕུན་སུམ་ཚོགས་པ་ཞིག་ཡོད། ཚ་རྔ་མཚོ་ལ་མཚོ་སྔོན་པོ་དང་ཚྭ་ཁའི་ཚྭ་མཚོ་ནང་བཞིན་སྐད་གྲགས་ཆེན་པོ་མེད་ནའང་། དེ་ཡིས་མཚོ་སྔོན་ལ་གཏོགས་པའི་རྔམ་བརྗིད་ཆེ་བ་གསལ་བཤད་བྱས་ཡོད།

པར་རིས་མཚོ་སྔོན་ལྟ་ཞིབ་ལས་དྲངས།

བདུན། ཁུར་ལུག་མཚོ།(可鲁克湖)

        གཏེར་ལེན་ཁ་གྲོང་ཁྱེར་དང་ཐག་མི་རིང་བའི་གནས་སུ་ཡོད་པའི་ཁུར་ལུག་མཚོ་ནི་མཚོ་ཆུ་དྭངས་ཤིང་འདམ་བུ་ཡིས་ཁྱབ་ཡོད་སྟབས། དེ་ནི་བྱ་ཡི་ཞིང་ཁམས་དང་ཉ་ཡི་ཕ་ཡུལ་ཡིན། རང་ཉིད་གཅིག་པོ་མཚོ་འགྲམ་ནས་སོང་ན། ཕྱོགས་བཞི་ཚང་མ་འཇམ་ཐིང་ངེ་ཡོད་པ་ནི་འཇིག་རྟེན་འདི་ཉིད་འཁེང་བར་གྱུར་པ་དང་མཚུངས།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

བརྒྱད། དུང་དཀར་མཚོ་ནག(冬格措纳湖)

        དུང་དཀར་མཚོ་ནག་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོང་རྫོང་གི་ཁོངས་སུ་ཡོད་ཅིང་། དེ་ནི་མཚེའུ་བརླན་ས་ལ་གཏོགས་པ་ཡིན། མཐའ་འཁོར་ནི་རི་བོ་སྟོང་གིས་བསྐོར་ཞིང་། སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། སྐྱེ་དངོས་ཀྱི་ཐོན་ཁུངས་མཛོད་གལ་ཆེན་ཞིག་ཡིན། 2019ལོའི་ཟླ12པའི་ཚེས25ཉིན། “རྒྱལ་ཁབ་བརླན་སའི་སྤྱི་གླིང”དུ་དངོས་སུ་གྱུར།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

དགུ། མཚོ་སྐྱ་རེངས།(扎陵湖)

        མཚོ་སྐྱ་རེངས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཚྭ་མེད་ཆུའི་མཚེའུ་ཞིག་ཡིན་པ་དང་། དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་ཡོད། བརླན་སའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱ་ཆེད། མིག་སྔར་ཁ་དན་རྣམ་པའི་ཡུལ་སྐོར་རོལ་མྱོང་གི་བྱེད་ཐབས་སྤྱོད་བཞིན་ཡོད།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

བཅུ། མཚོ་སྔོ་རེངས།(鄂陵湖)

        མཚོ་སྔོ་རེངས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་མཐོ་སྒང་གི་ཚྭ་མེད་ཆུའི་མཚེའུ་ཆེ་གྲས་ཤིག་ཡིན་པ་དང་། དེ་ནི་རྨ་སྟོང་རྫོང་གི་ནུབ་རྒྱུད(གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་གླིང་ཁུལ)ན་ཡོད་ཅིང་། ནུབ་ཕྱོགས་ཀྱི་མཚོ་སྐྱ་རེངས་དང་བར་ཐག་སྤྱི་ལེ15ཡོད། བརླན་སའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱ་ཆེད། མིག་སྔར་ཁ་དན་རྣམ་པའི་ཡུལ་སྐོར་རོལ་མྱོང་གི་བྱེད་ཐབས་སྤྱོད་བཞིན་ཡོད།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1