ཞབས་བྲོ《བཀྲ་ཤིས་བསྟོད་གླུ》འཁྲབ་ནས་དུས་རབས་གསར་པ་དང་འཚོ་བ་གསར་པར་བསྟོད་གླུ་འབུལ་བ།
འཁྲབ་སྟོན་པ་ཚོས་སྲོལ་རྒྱུན་གྱི་མི་རིགས་རོལ་ཆ་དང་གླུ་གར་གྱི་གཞི་རྒྱུ་མཉམ་འདྲེས་ཀྱིས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པ།
ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས“ཚོགས་ཆེན་ཉི་ཤུར་བསྟོད་གླུ་ལེན། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པའི་བརྗོད་དོན་གཙོ་བོའི“ང་ཚོའི་དུས་ཆེན། 2023ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”གྱི་མཉམ་སྤྲོའི་མཚན་ཚོགས་འཚོགས་ཏེ། གསོན་ཉམས་དོད་པའི་བརྩམས་ཆོས་དང་ཕུན་སུམ་ཚོགས་པའི་གཞི་རྟེན་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པ་བྱས་ཡོད། རྫོང་དེ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་སོགས་མི300ལྷག་ཙམ་གྱིས་མཚན་ཚོགས་ལ་བལྟས་པ་རེད།