ཟླ་1ཚེས་28ཉིན་གྱི་ཞོགས་པའི་སྐྱ་རེངས་ཤར་མ་ཐག་ཏུ། འཛམ་ཐང་རྫོང་གི་2023ལོའི་ཐེངས་གཉིས་པའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཆེད་སྐྱོད་རླངས་འཁོར་འཛམ་ཐང་རྫོང་མི་དམངས་སྲིད་གཞུང་གི་ཐང་ཆེན་དུ་འབྱོར་ཡོད་པ་དང་། འཛམ་ཐང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ལས་བྱེད་ལས་བཟོ་བའི་སྣེ་ཁྲིད་དེ་ལས་གནས་སུ་ཕྱིར་ལོག་པའི་མང་ཚོགས་རྣམས་ལ་སྐྱེལ་མ་བྱས། ཤ་ཚ་བའི་མངགས་བཅོལ་རེ་རེ་དང་ལྗིད་ཏིག་ཏིག་གི་སྐྱེས་རྟགས་རེ་རེས་རྒྱང་བཞུད་མང་ཚོགས་ལ་བཅངས་པའི་ཐུགས་ཁུར་དང་སྨོན་འདུན་མཚོན་ཡོད།
རྒྱུན་ལོན་པ་ལྟར་ན། ད་ལོར་འཛམ་ཐང་རྫོང་གིས་ཐེངས་གཉིས་ལ་དཔྱིད་རླུང་འགུལ་སྐྱོད་ཀྱི་ཆེད་སྐྱོད་རླངས་འཁོར་ལ་མངགས་པ་དང་། སྔ་གཞུག་དུ་མང་ཚོགས་60ལྷག་ཕྱིར་ལས་གནས་སུ་བསྐྱལ། ཐེངས་འདིར་ཅིང་ཞི་རུ་བསྐྱོད་པའི་མང་ཚོགས་22པོ་ཚང་མ་ན་མདའ་ས་ཁུལ་གྱི་ཡིན་ལ། ལོ་སར་སྐབས་འཛམ་ཐང་རྫོང་གི་ལས་གནས་སུ་ལོག་ཐེངས་དང་པོའི་མང་ཚོགས་ཀྱང་ཡིན།