གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་1པོའི་ཚེས་29ཉིན་དབྱི་ཐ་ལིའི་ཞི་ཞི་ལི་གླིང་ཕྲན་དུ་གཉེར་བའི་དབྱི་ཐ་ལིའི་འདུར་འགྲོས་འགྲན་བསྡུར་ཁྲོད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཀླུ་མོ་མཚོ་ཡིས་ཆུ་ཚོད་2དང་སྐར་མ་46དང་སྐར་ཆ་08ཀྱི་ཐོག་ནས་བུད་མེད་ཀྱི་སྤྱི་ལེ་35ཡི་འདུར་འགྲོས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། བཀྲ་ཤིས་གཡང་འབུམ་གྱིས་ཆུ་ཚོད་1དང་སྐར་མ་29དང་སྐར་ཆ་13གྱི་ཐོག་ནས་སྐྱེས་པའི་སྤྱི་ལེ་20ཡི་འདུར་འགྲོས་འགྲན་བསྡུར་གྱི་ཨང་དྲུག་པ་བླངས་ཡོད་པ་རེད།