ཟླ་1ཚེས་29ཉིན།འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལི་ཧྲུའར་ཚེ་ཨ་ཀེན་ཐིན་དུ་འཚམས་འདྲི་བྱེད་སྐབས་ཡུག་རེན་གྱི་དགོས་ཐལ་ཆེ་བའི་མཚོན་ཆའི་ཐད་ཀྱི་བླང་བྱར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད།
དེ་གོང་། འཇར་མན་གྱིས་ཡུག་རེན་ལ“གཟིག”རྟགས་ཅན་གྱི་ཐན་ཁེ་མཁོ་འདོན་བྱ་རྒྱུ་ཁྱབ་བསྒྲགས་བྱས་མོད།འོན་ཀྱང་ཡུག་རེན་གྱིས་དེ་རྗེས་འཇར་མན་ལ་དམག་འཐབ་གནམ་གྲུ་དང་ཆུར་འཛུལ་དམག་གྲུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཧྲོའར་ཚེ་ཡིས་འཇར་མན་ནི་དམག་འཁྲུག་ནང་ཞུགས་མཁན་ཕྱོགས་མིན།“དེ་ནི་ཨུ་རུ་སུ་དང་ཡུག་རེན་དབར་གྱི་གདོང་ཐུག་ཡིན”འཇར་མན་གྱིས་ནུས་ཤུགས་ཡོད་རྒུས་དུས་བབ་ཇེ་སྡུག་ཏུ་མི་འགྲོ་བའི་འགན་ལེན་བྱས་ནས་ཨུ་རུ་སུ་དང་བྱང་ཆིངས་རྒྱལ་ཁབ་དབར་གདོང་ཐུག་མི་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན། ཁོས་མཚོན་ཆ་སྤྲོད་པའི་ཕྱོགས་ལ་གཟབ་ནན་བྱེད་དགོས་པ་ལས།“ཚད་བརྒལ་གྱིས་སྤྲོད་པའི་འགྲན་རྩོད་”བྱེད་མི་རུང་བའི་ཉེན་བརྡ་བཏང་།
ཧྲོའར་ཚེ་ཡིས་ད་དུང་ཕུའུ་ཅིང་དང་ཐད་ཀར་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ནས་དམག་མཚམས་འཇོག་རྒྱུའི་འབོད་སྐུལ་བྱས་པ་རེད།