བོད་ལྗོངས་ཀྱི་རྫོང་རེར་ངལ་ནུས་ཚོང་རྟགས་རེ་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 02-02


        གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་ནང་། བོད་ལྗོངས་ཀྱིས་ཚོང་རྟགས་སྟོབས་ཆེན་དང་། ཁྱད་ཆོས་ཟབ་པ། ནུས་པ་ཆེ་བ། ཡོང་འབབ་འཕར་སྣོན་བཅས་ངལ་ནུས་ཚོང་རྟགས་སྟོབས་ཆེན་དང་སྤུས་དག་ཡོང་བའི་དམིགས་ཡུལ་གཙོ་བོར་བཞག་ནས་རྩ་འཛུགས་ཀྱི་འགན་སྲུང་ཆེ་རུ་བཏང་བ་དང་། ཞིབ་ཕྲའི་བྱ་ཐབས་བཏོན་ནས་རྫོང་གཅིག་ལ་ཚོང་རྟགས་གཅིག་གི་ངལ་ནུས་ཚོང་རྟགས་འཛུགས་གཏོད་བྱེད་སྒོ་སྤེལ་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་ངལ་ནུས་ཚོང་རྟགས74བཏོད་ཡོད་པ་དང་། དེའི་ནང་ངལ་ནུས་ཚོང་རྟགས20བོད་རང་སྐྱོང་ལྗོངས་ངལ་ནུས་ཚོང་རྟགས་ཀྱི་མིང་གཞུང་ནང་བཅུག་པ་དང་། ངལ་ནུས་ཚོང་རྟགས4མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ངལ་ནུས་ཚོང་རྟགས་རྩེ་གྲ་བརྒྱའི་མིང་གཞུང་ནང་བསྡུས་ཡོད། ངལ་ནུས་ཚོང་རྟགས་ཀྱི་ལོ་འཁོར་གཞི་ཁྱོན་མི་གྲངས་ཁྲི27ཟིན་པ་དང་། ལོར་འབབ་འཕར་སྒོར་དུང་ཕྱུར་32ལྷག་ཟིན་གྱི་ཡོད།




        བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་ཁུར་བས། ང་ཚོས་ཚོང་རྟགས་སྤུས་དག་དང་། ཀུན་གྱིས་ཁས་ལེན་བྱེད་པ། འཕེལ་རྒྱས་ཀྱི་མདུན་ལམ་ཡག་པ་བཅས་ཀྱི་ངལ་ནུས་ཚོང་རྟགས་ཁག་ཅིག་གཙོ་གནད་ཐོག་གཏོད་དེ་ཚོང་རྟགས་དང་ལས་ཞུགས་གཉིས་ཀར་སྐུལ་འདེད་ཐེབས་པ་དང་འཕེལ་རྒྱས་ཐུབ་པ་བྱ་རྒྱུ་ཡིན། ཆབས་ཅིག་བོད་ལྗོངས་ཀྱི་ས་བབ་ཁོར་ཡུག་དང་ཁྲོམ་རའི་དགོས་མཁོར་ཟུང་སྦྲེལ་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་མི་རིགས་ཁྱད་ལྡན་ཚོང་རྟགས་སྔོག་འདོན་གཏིང་ཟབ་དང་གསོ་སྤེལ་བྱ་རྒྱུ་མ་ཟད། སྲིད་གཞུང་དང་། ཞིང་དུད། ཚོང་ཁང་བཅས་ཟུང་སྦྲེལ་གྱི་འཕེལ་རྒྱས་རྣམ་པར་བརྟེན་ནས་ཚོང་རྟགས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱ་རྒྱུ་ཡིན། དུས་མཚངས་ལས་སྟེགས་ཁག་བེད་སྤྱོད་གང་ལེགས་བྱས་ནས་ངལ་ནུས་ཚོང་རྟགས་དྲིལ་བསྒྲགས་འགྲེམ་སྟོན་བྱེད་པ་དང་། གཙོ་གནད་ཐོག་ངལ་ནུས་ཚོང་རྟགས་འཛུགས་གཏོད་ཀྱི་རྒྱབ་ལྗོངས་དང་། ངལ་ནུས་ཚོང་རྟགས་ཀྱི་རྒྱུན་འཛིན་པ་དང་སྣེ་ཁྲིད་མི་སྣ་སོགས་དཔེ་མཚོན་མི་སྣའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས་ནས་ངལ་ནུས་ཚོང་རྟགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཁོར་ཡུག་ཡག་པོ་གཏོད་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་འདུག






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1