དོན་གྲུབ་ཆོས་སྒྲོན་གྱིས་བྲིས། ཅིན་ཙེ་ཧྭ་ཡིས་པར་མཁོ་འདོན་བྱས།
བོད་ཀྱི་རི་མོ་བ་ཅིན་ཙེ་ཧྭ་ནི་ཀྲུང་དབྱང་མཛེས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་རྒྱལ་ནང་གི་འཚམས་འདྲིའི་ཆེད་མཁས་པ་ཡིན། ད་ལྟར་སི་ཁྲོན་ཞིང་ཆེན་རིག་རྩལ་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་ཨུ་ལྷན་གྱི་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ལས་འཛིན་པ། དཀར་མཛེས་ཁུལ་རིག་གནས་ཞིབ་འཇུག་ཁང་གི་ལས་མི། དཀར་མཛེས་ཁུལ་མཛེས་རྩལ་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད། དེ་ཡང་ཅིན་ཙེ་ཧྭ་ནི་1991ལོར་ལས་ཀར་ཞུགས་པ་དང་ལོ་ངོ་31རིང་གི་རིག་གནས་ལས་དོན་ཁྲོད། དཀར་མཛེས་ཁུལ་མཛེས་རྩལ་བྱ་གཞག་གི་རྒྱུན་འཛིན་དང་འཕེལ་རྒྱས་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་ཡོད་པར་མ་ཟད། ཡིག་འབྲུ་ཆིག་ཁྲི་ལྷག་ལ་ཉེ་བའི《དཀར་མཛེས་ཁུལ་གྱི་ལོ་ངོ་70རིང་གི་མཛེས་རྩལ་འཕེལ་རིམ》ཞེས་པ་རྩོམ་འབྲི་ལེགས་གྲུབ་བྱུང་བ་དང་། 2022ལོར་དཀར་མཛེས་ཁུལ་གྱི་གངས་དཀར་རིག་གནས་ཀྱི་སྣེ་ཁྲིད་ཤེས་ལྡན་པའི་མཚན་སྙན་དང་། གསེར་གྱི་དོམ་ཁྲ་ཞེས་པའི་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་ཡོད། །
ཞོགས་པའི་ཉི་ཟེར།
གསོལ་འདེབས།
ལག་ཤེས་པ།
གནའ་མཁར་གྱི་རྣམ་ཤེས།
གླིང་རྗེ་གེ་སར་དང་སེང་ལྕམ་འབྲུག་མོ།