སྐོར་བྲོ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་པ་བསུས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-03



   ཉེ་ལམ། ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་གྱིས་མང་ཚོགས་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་གེ་སར་ཐང་ཆེན་དུ་སྐོར་བྲོ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས་ས་གནས་མང་ཚོགས་ལ་ལྟད་མོ་གྱ་ནོམ་པ་སྐྱེས་སུ་ཕུལ། 

      འཁྲབ་སྟོན་པ་རྣམས་ཀྱི་ལུས་ཀྱི་སྟངས་སྟབས་དང་ངག་གི་འགྱུར་ཁུགས་ལས་ལི་ཐང་གི་སྐྱེས་པ་རྣམས་ཀྱི་སྤོབས་ཉམས་དང་བུད་མེད་རྣམས་ཀྱི་མཛེས་ཉམས་མངོན་ཞིང་། བྱེད་སྒོད་དེ་འཁྱུག་དབྱིངས་བརྒྱུད་དེ་ཤར་གཏོང་བྱས་པར། དྲ་ཐོག་ནས་ལྟད་མོ་བ་ཁྲི་6.6གིས་དུས་མཉམ་དུ་སྐོར་བྲོ་འཁྲབ་སྟོན་གྱི་བྱེད་སྒོར་མྱོང་ཐུབ་པ་བྱུང་བར་མ་ཟད། སྔར་ལས་ལྷག་པར་ལི་ཐང་གི་དམངས་སྲོལ་རིག་གནས་དང་ལོ་སར་གྱི་དགའ་སྟོན་ལ་རྒྱུས་ལོན་བྱེད་ཐུབ་པ་བྱུང་། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1