ས་གནས་དེ་གའི་དུས་ཚོད་ཚེས་4ཉིན། ཐཱ་སི་གསར་འགྱུར་ཁང་ནས་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་ཕྱོགས་དང་གྲོས་མོལ་བྱས་པ་བརྒྱུད་ཨུ་རུ་སུ་ཕྱོགས་ཀྱི་དམག་དོན་མི་སྣ་63བཙོན་གྲོལ་བཏང་བ་དང་འབྲེལ་ཨུ་རུ་སུར་ཕྱིར་ལོག་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོའི་བརྗེ་རེས་མི་སྣའི་དོན་དག་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞོགས་འདེགས་འོག་ལེགས་འགྲུབ་བྱུང་བ་ཡིན་པ་དང་། ཨུ་རུ་སུར་ལོག་མཁན་མི་སྣའི་ནང་“གནད་ཆེའི་”མི་སྣ་ཁག་གཅིག་ཚུད་ཡོད་པ་རེད།