སི་ཁྲོན་གྱིས་བརླན་ས་སྲུང་སྐྱོབ་དང་སླར་གསོ་བྱས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-09



        ཟླ་2པའི་ཚེས་2ཉིན་ནི་འཛམ་གླིང་བརླན་ས་ཉིན་མོ་ཐེངས་ཉེར་བདུན་པ་ཡིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སི་ཁྲོན་གྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དྲུག་པར་སླེབས་ཡོད་པ་དང་། 2022ལོར་སི་ཁྲོན་གྱིས་བརླན་ས་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་སྣོན་བྱས་ཏེ་བརླན་ས་མུའུ་ཁྲི་10.84(སྤྱི་ཆིངས7226.67)སླར་གསོ་བྱས།

        སི་ཁྲོན་ནི་འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཡིན་པས་བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས། རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་དཔྱད་ཐེངས་གསུམ་པ་བརྒྱུད། སི་ཁྲོན་ཞིང་ཆེན་སུ་ད་ཡོད་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་123.08ཡོད་ཅིང་། རྒྱལ་ཡོངས་ཀྱི་ཨང་དྲུག་པར་སླེབས་ཡོད། མིག་སྔར་སི་ཁྲོན་གྱིས་རིམ་པ་སོ་སོའི་བརླན་ས་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་32འཛུགས་སྐྲུན་བྱས་པའི་ཁྲོད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་4དང་། བརླན་ས་སྤྱི་གླིང་55འཛུགས་སྐྲུན་བྱས་པའི་ཁྲོད་རྒྱལ་ཁབ་བརླན་ས་སྤྱི་གླིང(ཚོད་ལྟའི་གནས་ཚུད་ཡོད)29དང་། ཞིང་ཆེན་རིམ་པའི་བརླན་ས་སྤྱི་གླིང་26དང་། རྒྱལ་སྤྱིའི་བརླན་ས་གཙོ་བོ་2དང་། ཞིང་ཆེན་རིམ་པའི་བརླན་ས་གཙོ་བོ་7ཡོད་པས། གཞི་རྩའི་ཆ་ནས་བརླན་ས་སྲུང་སྐྱོབ་ཀྱི་དྲ་རྒྱའི་མ་ལག་དང་། བརླན་ས་རིམ་དབྱེ་དོ་དམ་གྱི་ཐོག་མའི་རྣམ་པ་ཆགས་ཡོད།

        ཉེ་བའི་ལོ་འགའི་རིང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ཐད། སི་ཁྲོན་གྱིས་ཧུར་ཐག་གིས་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ནས། མཛོད་དགེ་རྩྭ་ཐང་བརླན་ས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ལག་བསྟར་དང་རྩ་འཛུགས་བྱས་པ་བརྒྱུད། ཞན་འགྱུར་བརླན་ས་སྤྱི་ཆིངས་6400སྲུང་སྐྱོབ་དང་སླར་གསོ་བྱས་ནས་ཁྱབ་ཁོངས་ཁ་ཤས་ཀྱི་བརླན་ས་ཞན་འགྱུར་གྱི་གནས་ཚུལ་ནུས་ལྡན་པར་བཀག་འགོག་བྱས་ཤིང་། བརླན་སའི་སྐྱེ་ཁམས་མ་ལག་གི་ནུས་པ་མཐོ་རུ་བཏང་བས་ཡུལ་ཁོངས་ཀྱི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་། གཞན་སི་ཁྲོན་གྱིས་དཀར་མཛེས་ཁུལ་གྱི་ལི་ཐང་དང་སེར་ཤུལ་རྫོང་གཉིས་སུ་ཆུ་ལོག་གིས་བསྐྱེད་པའི་ལུང་པ་བཅོས་སྐྱོང་དང་། ཆུ་རགས་ཆུང་གྲས་འཛུགས་སྐྲུན་བྱས་པ་བརྒྱུད་བརླན་སའི་སྔོ་ཁེབས་སྤྱི་ཆིངས་7224.02སྲུང་སྐྱོབ་དང་སླར་གསོ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1