༄༅།།གངས་ལྗོངས་མཐོ་སྒང་གི“བདག་པོ”འཚོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 02-09


        འདས་སོང་གི་ལོ་རྒྱུས་ཅི་འདྲ་ཡིན་ནའང་། ད་ལྟའི་མཚོ་སྔོན་ནི་མེས་རྒྱལ་གྱི་ཅོད་པན་ཐོག་གི་འོད་མདངས་བཀྲ་བའི་རྡོ་རྗེ་ཕ་ལམ་དེ་ཡིན་པར་མ་ཟད། ད་དུང་ཆེས་མཛེས་པའི་མི་ཡུལ་གྱི་དག་ཞིང་ཡང་ཡིན།

དྲེད་མོང་།

        མདོ་དབུས་མཐོ་སྒང་གི་ལྟེ་བ་ན་ཡོད་པའི་གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཡིན་པར་མ་ཟད། ད་དུང་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་གི་གལ་ཆེ་བའི་སྐྱེ་ཁམས་བྱ་ར་བ་ཡང་ཡིན་པ་དང་། དེ་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཡུལ་ཡིན་སྟབས། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མིང་ཐོགས་ཡོད།

གནའ་བ།

        ཡུལ་འདི་ན་རབ་མཛེས་ཀྱི་རི་ཀླུང་དང་། ལྷིང་འཇགས་ཀྱི་མཚེའུ། རྒྱ་ཆེ་བའི་རྩྭ་ཐང་། རྔམ་བརྗིད་ཀྱི་གངས་རི་སོགས་ཡོད་ཅིང་། ཡུལ་འདིའི་ནམ་མཁའ་སྔོ་ཞིང་དྭངས་ལ། སྤྲིན་དཀར་ལོང་ལོང་དུ་འཕྱུར། ཆུ་བོ་མང་བོ་སྐར་ཚོགས་ལྟར་ཁྱབ་པ་དང་། རབ་ཏུ་བཞད་པའི་མེ་ཏོག་དང་རྩི་ཤིང་གིས་མཐོ་སྒང་གི་སྐྱ་ཐང་ངེར་གནས་པའི་ས་མདོག་གི“སྐྱི་མོ”གཡོགས་ཡོད།

ཁྲ།

        ཡུལ་འདི་ནི་འཛམ་གླིང་གི་གཟན་ཕྲེང་ཆེས་འཐུས་ཚང་བའི་ས་ཁུལ་ཞིག་དང་མིག་སྔར་གྱི་ཤ་གཟན་སྲོག་ཆགས་ཆེས་མང་བའི་ས་ཁུལ་ཞིག་ཀྱང་ཡིན་ལ། ཡུལ་འདིའི་གནས་ཚང་མ་ཚེ་སྲོག་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་རེ་ཡིན།

ཨ་བྲ།

        མཚོ་འགྲམ་གྱི་ཁྲ་ཡིས་ཉིན་གུང་གི་ཉི་འོད་ནང་དུ་གཉིད་ཅོག་རྒྱག་བཞིན་ཡོད་ཅིང་། ཁྲུང་ཁྲུང་དཀར་མོ་ཁེར་རྐྱང་ངང་རླུང་གིས་གཡོ་བའི་རྩྭ་ས་ན་རྒྱུ་བ་དང་། ལམ་འགྲམ་གྱི་ལན་ཀན་ཐོག་ན་ཡོད་པའི་བྱ་རྒོད་ཀྱིས་ཁ་ཟས་འཚོལ་བཞིན་ཡོད་ལ། ཨ་བྲ་ཡིས་གསར་དུ་བརྐོས་པའི་ཚང་ནང་དུ་རྒྱང་རིང་གི་གནས་ཚུལ་ལ་ཉན་ཞིབ་བྱེད་བཞིན་ཡོད། གཙོད་ཕྲུག་གིས་རི་སྒང་བརྒལ་ནས་ཟླ་བོའི་རྗེས་ལ་འདེད་བཞིན་ཡོད་པ་དང་། ནོར་གནག་ནི་མུ་ཏིག་ནག་པོ་ལྟར་གངས་རི་དང་རྩྭ་སའི་བར་ན་རྒྱུ་བཞིན་ཡོད།

འབྲོང་།

        རྒྱང་རིང་གི་རི་སྒང་དུ། དྲེད་མོང་གིས་རྒྱུད་ལུག་ངང་ནམ་མཁའ་ལ་བལྟས་ནས་ཡོད་པ་དང་། རྐྱང་ཁྱུ་དང་ཁྱུ་བྱས་ནས་ལྷིང་འཇགས་ཤིང་རྒྱ་ཆེ་བའི་གནམ་སའི་བར་འདི་ན་གང་འདོད་བྱེད་བཞིན་ཡོད་ཅིང་། གནའ་བ་ཡིས་བྲག་རིའི་ངོས་ནས་བརྒྱུགས་ཏེ་ཟླ་བོའི་རྗེས་སུ་རྒྱུག་བཞིན་ཡོད་ལ། ཁེར་རྐྱང་དུ་ཡོད་པའི་སྤྱང་ཀི་ཞིག་གིས་གློ་བུར་དུ་བསྡད་པའི་རླངས་འཁོར་ལ་ལྟ་ཞིབ་བྱེད་བཞིན་ཡོད།

རྐྱང་།

        ཡུལ་འདི་རུ། རྩྭ་ཉག་མ་གཅིག་དང་ལྗོན་ཤིང་རྐང་གཅིག བྱ་གཅིག་དང་གཅན་གཟན་གཅིག་ཡོད་པ་ཚང་མ་མཐོ་སྒང་འདིའི“བདག་པོ”ཡིན་པས། ཚེ་སྲོག་གི་འདྲ་མཉམ་ཞེས་པ་དངོས་སུ་མཚོན་ཡོད།

འཕྱི་བ།

        ལྷིང་འཇགས་ལྡན་པའི་ཚེ་སྲོག་གི་བཀག་སྡོམ་ཁུལ་འདི་རུ། མཛེས་ལྗོངས་དང་སྲོག་ཆགས་གང་ཞིག་ལ་འཕྲད་ནའང་། ཚང་མས་མི་སེམས་འགུལ་བར་བྱས་ཏེ་ཚེ་སྲོག་དང་ལོ་ངོ་སྟོང་ལྷག་ལ་བཞུར་བའི་གཙང་གསུམ་འབྱུང་ཡུལ་གཉིས་ལ་དད་གུས་དང་དྲིན་གཟོའི་ཚོར་བ་ཞིག་ཐོན་པར་བྱེད་སྲིད།

སྤྱང་ཀི


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1