ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་9ཉིན་ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཚོགས་པས་“ཡར་ཐོནMS-22”རྟགས་ཅན་གྱི་སྐྱེལ་འདྲེན་འཕུར་གྲུ་འདྲེན་པའི་“མནའ་འབྲེལ-2.1a”རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིག་ཧཱ་སག་སི་ཐན་གྱི་པའེ་ཁོ་ནུའར་འཇིག་རྟེན་འཕུར་སྐྱོད་ལྟེ་གནས་ནས་འཕེན་གཏོང་ལམ་ལྷོང་བྱུང་བ་དང་། གོ་ལ་ཧྲིལ་པོར་སྐོར་བ་34(ཉིན་གཉིས་)བརྒྱབ་རྗེས་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་སླེབས་རྒྱུ་རེད་ཅེས་བཤད་པ་རེད། ད་ཐེངས་སྔོན་དཔག་བྱས་ན་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་བཟའ་བཅའ་དང་། ཚོད་ལྟའི་མཁོ་ཆས་ཏུན་2.5ལྷག་ཙམ་གྱི་དངོས་ཟོག་དབོར་འདྲེན་བྱ་རྒྱུ་རེད།