༄༅། །དོན་སྣོད་ལ་གནོད་པའི་རྒྱུན་མཐོང་གི་བཟའ་བཏུང་རིགས་འདི་དག་ཁྱེད་ཀྱིས་ཤེས་སམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 02-13



        ལུས་ཀྱི་དོན་སྣོད་ཁག་གིས་ང་ཚོའི་ལུས་པོ་འདི་བདེ་བླག་ངང་འཁོར་སྐྱོད་ཐུབ་པར་བྱེད་བཞིན་ཡོད་ནའང་། ང་ཚོའི་རྒྱུན་ལྡན་གྱི“བཟའ་བཏུང་རིགས་ཁ་ཤས”ཀྱིས་དེ་དག་ལ་གནོད་སྐྱེལ་བཞིན་ཡོད། ཁྱེད་ཀྱིས་དོན་སྣོད་ལ་གནོད་སྐྱེལ་བའི་བཟའ་བཏུང་རིགས་དེ་ཚོ་གང་དག་ཡིན་པ་ཤེས་སམ།


གཅིག སྣུམ་ཅན་ཟས་རིགས་ཀྱིས་སྙིང་ལ་གནོད་སྐྱེལ་བ།

        སྣུམ་ཅན་ཟས་རིགས་ཏེ་དཔེར་ན་མྱུར་ཟས(快餐)སྣ་ཚོགས་དང་སྣུམ་བསྲེགས་ཟས་རིགས་བཟའ་རྒྱུ་མང་ན། ཁྲག་ཚིལ་ཇེ་མང་དུ་སོང་ནས་འཕར་རྩ་འཇམ་འདྲའི་སྲ་འགྱུར(动脉粥样硬化)འབྱུང་ཤུགས་ཇེ་ཆེར་གཏོང་བ་ཡིན།

གཉིས། ཆང་བཅུད་ཀྱིས་མཆིན་པ་ལ་གནོད་སྐྱེལ་བ།

        ཆང་གི་གྲུབ་ཆ་གཙོ་བོ་ནི་ཆང་བཅུད་ཡིན་ཞིང་། ཆང་བཅུད་འདི་མཆིན་པའི་ཕྲ་ཕུང་ནང་དུ་སོང་སྟེ་དབྱང་འགྱུར་བྱུང་རྗེས་ཆོན་ཁ་པ(乙醛)ལ་འགྱུར་བ་དང་། ཆིན་ཁ་པ་ལ་མཆིན་པའི་དུག་གཤིས་དང་འབྲས་སྐྲན་སྐྱེད་གཤིས་ཡོད་སྟབས། ལུས་ནང་དུ་མང་བོ་བསགས་ན། མཆིན་པ་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་ཡིན།


གསུམ། བསྲེགས་ཟས་ཀྱིས་ཕོ་བ་ལ་གནོད་སྐྱེལ་བ།

        བསྲེགས་ཟས་བཟོ་དུས། “ཏུའོ་ཧོན་བསུང་ཐིན(多环芳烃)”ཞེས་པའི་འབྲས་སྐྲན་སྐྱེད་དངོས་ཤིག་ཐོན་པ་དང་། དེ་ཉིད་བསྲེགས་ཤ་དང་དུ་བའི་ནང་དུ་འདྲེས་ནས་ཁོག་ལ་སོང་ན། ང་ཚོའི་བདེ་ཐང་ལ་གནོད་པ་ཡིན།

བཞི། གདུ་ཡུན་རིང་བའི་ཁུ་བ་ཡིས་མཁལ་མ་ལ་གནོད་སྐྱེལ་བ།

        ཁུ་བ་གདུ་ཡུན་རིང་ན། དེའི་ནང་གི་ཕུ་རོན(嘌呤)གྱི་འདུས་ཚད་ཇེ་མཐོ་ཡིན་པ་དང་། དེ་ཉིད་མང་བོ་འཐུངས་རྗེས། གཅིན་སྐྱུར་ཁྲག་སྐྲན(尿酸血症)འབྱུང་སླ་བར་མ་ཟད། ད་དུང་མཁལ་མ་དང་སྙིང་གི་ཁྲག་རྩ་ལའང་གནོད་སྐྱོན་བཟོ་བ་ཡིན།


ལྔ། ཚ་དྲགས་པའི་ཟས་རིགས་ཀྱིས་ཁ་ནང་དང་མིད་པ་ལ་གནོད་སྐྱེལ་བ།

        རྒྱུན་ལྡན་གྱི་གནས་ཚུལ་འོག ཁ་ནང་དང་མིད་པའི་དྲོད་ཚད་ནི37℃ཡས་མས་ཡིན། འོན་ཀྱང་། 75℃ཡས་མས་ཀྱི་ཟས་རིགས་ལ་འཕྲད་ཚེ། སྙི་ཞིང་འབོལ་བའི་འབྱར་སྐྱི་བསྲེགས་པ་ཡིན། ཚ་དྲགས་པའི་ཟས་རིགས་ཡུན་རིང་ལ་སྤྱད་ན། མིད་པའི་འབྱར་སྐྱི་ལ་དལ་གཤིས་གཉན་ཚད་བྱུང་བ་དང་། དེ་ནས་མིད་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1