སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་དང་མཇལ་འཕྲད་གནང་བཞིན་པ།
སྤྱི་ཟླ་5པའི་ཚེས་4ཡི་ཉིན་གྱི་ཞོགས་པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ལི་ལུན་གྱིས་འགོ་ཁྲིད་པའི་ཀྲུང་གོའི་གོ་མིན་ཏང་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས། ཀྲུའུ་ལི་ལུན་གྱིས་འགོ་ཁྲིད་པའི་ཀྲུང་གོའི་གོ་མིན་ཏང་གི་འཚམས་འདྲི་ཚོགས་པར་དགའ་བསུ་ཞུས་པ་ཡིན། འགྲམ་ངོགས་གཉིས་ཀྱི་འབྲེལ་བ་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅིང་། འགྲམ་ངོགས་གཉིས་ཀྱི་འབྲེལ་ལམ་ཅི་འདྲ་ཞིག་ཏུ་འགྱུར་རྒྱུ་ནི། འགྲམ་ངོགས་གཉིས་ཀྱི་སྲིད་ཏང་དང་སྤྱི་ཚོགས་ཀྱི་ཁག་སོ་སོའི་མདུན་དུ་ལྷག་པའི་གནད་དོན་ཆེན་པོ་ཞིག་སྟེ། ཀྲུང་ཧྭ་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པར་འབྲེལ་བ་ཡོད་པར་མ་ཟད། མི་དམངས་དུང་ཕྱུར་ལྷག་གི་བདེ་སྡུག་དང་ཡང་འབྲེལ་བ་ཡོད་པས། ང་ཚོས་ངེས་པར་དུ་གཟབ་ནན་གྱིས་བསམ་བློ་གཏང་དགོས། གོ་གུང་ཏང་གཉིས་ཀྱིས་འབྲེལ་འདྲིས་ཟབ་མོ་དང་། གསར་སྤེལ་གསར་གཏོད། ཉམས་མྱོང་ཕྱོགས་བསྡོམས་ཀྱིས་ཏང་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་མདུན་ལྗོངས་གསར་པ་ཞིག་འབྲི་དགོས་ལ། མཉམ་དུ་འགྲམ་ངོགས་གཉིས་ཀྱི་མ་འོངས་པའི་འབྲེལ་བ་གསར་གཏོད་དང་། འགྲམ་ངོགས་གཉིས་ཀྱི་ཐུན་མོང་གི་ལས་དབང་འཛུགས་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན། །