ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་11ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཝེའར་ཞི་ཉིང་གིས་ཨུ་རུ་སུའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཨུ་རུ་སུས་ཡུག་རེན་ལ་ཆ་རྐྱེན་མི་འདོན་པ་དང་། དེ་བཞིན་ད་ལྟའི་དོན་དངོས་ལ་བསམ་གཞིགས་བྱས་ནས་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་ཅེས་བཤད་པ་རེད། ཝེའར་ཞི་ཉིང་གིས་དམག་དོན་གྱི་བྱ་སྤྱོད་ཚང་མ་གྲོས་མོལ་བྱས་ནས་མཇུག་བསྒྲིལ་བ་ཡིན་པས། ཨུ་རུ་སུས་ཀྱང་གྲ་སྒྲིག་བྱས་ཟིན་པ་ཡིན། འོན་ཀྱང་གྲོས་མོལ་དེ་དངོས་དོན་དང་བསྟུན་དགོས་པ་ཡིན་ཞེས་བཤད་པ་རེད།