ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་བཀའ་རྒྱར་མིང་རྟགས་བཀོད་དེ། ཨུ་རུ་སུའི་སྤྱི་དམངས་333ལ་བཀག་སྡོམ་བྱས་པ་རེད། བཀག་སྡོམ་གྱི་མིང་ཐོའི་ནང་། མང་ཆེ་བ་ནི་ཨུ་རུ་སུའི་དངུལ་ཁང་དང་དངུལ་རྩའི་ལས་རིགས་ཀྱི་མི་སྣ་ཡིན་པ་རེད། ཙེ་ལན་སི་ཅིས་ད་དུང་བཀག་སྡོམ་གྱི་མིང་ཐོ་ཨ་རི་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ལ་ཁྱབ་བསྒྲགས་བྱ་རྒྱུའི་བཀའ་བཏང་བ་རེད།