ལས་འགོ་ཡག་པོ་བཙུགས་ཏེ་གྲུབ་འབྲས་གཡུར་ཟ་འཐོབ་པར་འབད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-22


རྟའུ་རྫོང་གིས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པར་ཐབས་མཆོག་མང་།

རྟའུ་རྫོང་གི་སྔོ་ཚལ་དེང་རབས་ཞིང་ལས་གླིང་ཁུལ།

        ལན་རེར་བར་སྣང་དུ་བྲོ་འཁྲབ་པའི་འཇིག་རྟེན་འཕུར་སྐྱོད་པ་ཤིག་དང་ལན་རེར་བརྗིད་ཉམས་ཆེ་བའི་གླིང་རྗེ་གེ་སར་རྒྱལ་པོ། ཡང་ཐེངས་རེར་ལྷིང་འཇགས་ཀྱི་མི་རིགས་རི་མོ་མཁས་ཅན་ཞིག་ཏུ་གྱུར། ཉེ་ཆར། རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གིས་རིག་གནས་དང་ཡུལ་སྐོར་གླེང་བ་ཞེས་པའི་བརྙན་ཐུང་དྲྭ་ལམ་ཡོངས་སུ་ཁྱབ། རྟའུ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྒྱལ་མཚན་རྡོ་རྗེ་འཕྲལ་མར་ཕྱོགས་བཞི་མཚམས་བརྒྱད་དུ་སྐད་གྲགས་སོང་བར་མ་ཟད། རྟའུ་ཡི་མཛེས་སྡུག་གི་རི་ཀླུང་ལ་དགའ་མཁན་ཡང་ཇེ་མང་དུ་གྱུར།

        ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱིས་བཏོན་པའི་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པའི་སྐུལ་སློང་བཀའ་རྒྱ་བསྒྲགས་རྗེས། རྟའུ་རྫོང་གིས་ཁུལ་ཨུས་ཅི་འདྲ་བཤད་པ་དང་ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་དང་ཟུང་དུ་སྦྲེལ་ནས་དུས་ཚིགས་དང་པོར་འགོ་ལེགས་པོ་འཛུགས་པ་དང་དུས་ཚིགས་གཉིས་པར་འཕེལ་རྒྱས་མགྱོགས་སུ་གཏོང་བ། དུས་ཚིགས་གསུམ་པར་རྒྱུན་མཐུད་གོང་འཕེལ་ཡོང་བ། དུས་ཚིགས་བཞི་པར་བརྟན་བརླིང་ངང་ལས་མཇུག་བསྡུ་བ་བཅས་ཀྱི་ལས་ཀའི་བླང་བྱར་དམ་པོར་དམིགས་ནས་དང་ལེན་ཧུར་ཐག་དང་། བྱ་སྤྱོད་མྱུར་སྤེལ། རང་འགུལ་ངང་སྒྲུབ་པ་དང་། གཤམ་གྱི་ཐབས་མཆོག་གསུམ་སྤྱད་ནས་བྱ་བ་ལེགས་པོ་བསྒྲུབས་ཡོད།

        དམིགས་འབེན་ཁ་གསལ་བསྟན་པ་སྟེ། མཐོ་སྒང་གི་ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་དཔེ་སྟོན་ཁུལ་གསར་དུ་འཛུགས།

        ཁུལ་ཨུས་དཔལ་འབྱོར་ལས་དོན་དང་ཞིང་སྡེའི་ལས་དོན་ཚོགས་འདུ་འཚོགས་རྗེས་རྟའུ་རྫོང་གིས་མུ་མཐུད་དུ་ལོ་སྔོན་འཆར་འགོད་བྱེད་པའི་གཙོ་གནད་ལས་དོན་སྤེལ། དེ་དང་བསྟུན་ནས་རྫོང་ཨུའི་དཔལ་འབྱོར་ལས་དོན་དང་ཞིང་སྡེའི་ལས་དོན་ཚོགས་འདུ། ཉེན་མེད་འཛུགས་སྐྱོང་གི་འཆར་ཅན་ཚོགས་འདུ་ཐེངས་དང་པོ་དང་ཁེ་ལས་འབྲིང་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་བསྡུས་ནས་འཚོགས་པ་རེད།

        ནུས་རྒྱུ་གཙང་མ་ལས་འགོ་ཚུགས་པ་དང་ཚོང་འགུགས་མ་འདྲེན་རིམ་རྩིས་བྱས་ན་གློག་སྟོང་ཝ་ཁྲི1000ཡན་གཏོང་ཐུབ་པ་བརྩོན་ལེན་བྱ་རྒྱུ་དང་ཆབས་ཅིག་སྐམ་ལ་ཞིང་ཆུ་ཤུགས་གློག་ཁང་འཛུགས་པ་དང་། གློག་སྟོང་ཝ་ཁྲི150ཡི1+Nའོད་ཤུགས་ལས་གཞི་མགྱོགས་མྱུར་སྐུལ་འདེད་གཏང་དགོས།

        ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ལེགས་པོ་བསྐྲུན་ནས་དར་ལམ་དཀར་མཛེས་ལུང་འདུས་འབྲོག་ར་སོགས་གཙོ་གནད་ཡུལ་སྐོར་ལས་གཞི་མགྱོགས་བསྐྲུན་ཏེ། ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་བརྒྱད་པ་སོགས་རིག་གནས་བྱེད་སྒོ་ལེགས་པོ་སྤེལ་དགོས།

        བཟའ་བཅའ་ལྷད་མེད་ཀྱི་ཁུལ་གསར་དུ་འཛུགས་པའི་སྔོན་ཁྲིད་པ་ཡག་པོ་བྱས་ཏེ། མགར་ཐར་གྲོང་རྡལ་ལྕམ་གྲོང་ཚོའི་སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྟེན་གཞི་དང་དཔལ་སྨད་གྲོང་རྡལ་ཤྭ་བོ་གཤིས་གྲོང་ཚོའི་ལྷད་མེད་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་སོགས་ཧུར་ཐག་བསྐྲུན་དགོས།

        དཔལ་འབྱོར་ལས་དོན་ཚོགས་འདུར་དཔལ་འབྱོར་སྡེ་ཚན་ཁག་གི་མགོ་ཁྲིད་ཚོས་ལས་ཡུལ་དངོས་སུ་དམིགས་འབེན་གཏན་ཁེལ་དང་བྱེད་ཐབས་གསལ་སྟོན། འགན་འཁུར་མངོན་པ་རེད།

        རྟའུ་རྫོང་གི་རྫོང་ཨུའི་མགོ་ཁྲིད་རྒན་པས་ཅི་འདྲ་བཤད། ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་བའི་ཐད་ནས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་རྫོང་ཨུའི1234འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་ཏེ་ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་ཡུལ་སྐོར། དེང་རབས་ཞིང་ལས་བཅས་ཐོན་ལས་ཆེན་པོ་གསུམ་ལ་དམིགས་ནས་ཚོང་འགུགས་བརྟན་འཕར་དང་། ལས་གཞི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། རྨང་གཞིའི་འཛུགས་སྐྲུན། སྒོ་འབྱེད་མཉམ་ལས་ཏེ་ཕྱོགས་ལྔའི་ཐད་ནས་འགོ་བཙུགས་ཏེ་ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་བྱ་དགོས་པ་བཤད་ཅིང་། ལོ་ཧྲིལ་པོར་ཚོང་འགུགས་མ་དངུལ་སྒོར་དུང་ཕྱུར3ཡན་ལ་ཟིན་པ་བྱས་ནས་མ་དངུལ་སྒོར་དུང་ཕྱུར45བཏང་སྟེ་འཕྲོ་འཛུགས་པ་ལས་གཞི31དང་གསར་སྐྲུན་ལས་གཞི127གོ་རིམ་ལྡན་པ་དང་ནུས་པ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་དགོས་པ་བཏོན།

        དྲྭ་གྲགས་བརྒྱུད་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང་མགྱོགས་མྱུར་སྐྲུན།

        སྤྱི་ཟླ2པའི་ཚེས8ཉིན་ནས་བཟུང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྒྱལ་མཚན་རྡོ་རྗེས་འཁྲབ་པའི་འཇིག་རྟེན་འཕུར་སྐྱོད་པ་དང་ཐང་མིང་ཝང་། གླིང་སྒྲུང་རྒྱལ་པོའི་བརྙན་ཐུང་སོགས་ཁྱབ་གདལ་སོང་བ་ནས་བཟུང་། སྤྱི་ཟླ2པའི་ཚེས10ཉིན་གྱི་ཕྱི་དྲོ་བར་དྲྭ་ཡོངས་ཀྱི་དོ་ཁུར་བྱེད་ཚད་མི་ཁྲི400ལྷག་ལ་ཟིན་ནས་པོད་འཕྲིན་དང་འཁྱུག་དབྱངས་སོགས་སུ་སྐད་གྲགས་སོང་།

        བརྙན་ཐུང་ཁྱབ་རྒྱ་སོང་བ་ནི་སྟེས་དབང་ཞིག་ཡིན་ལ་ལྡོག་ཐབས་མེད་པ་ཞིག་ཀྱང་ཡིན། རྒྱལ་མཚན་རྡོ་རྗེས་ང་ནི་སྤྱིར་བཏང་གི་ལས་དོན་མི་སྣ་ཞིག་ཡིན། བརྙན་ཐུང་ཁྱབ་རྒྱ་འགྲོ་རྐྱེན་ནི་རྟའུ་ལ་བཀྲག་མདངས་དང་མཛེས་ཉམས་ཀྱིས་ཕྱུག་པས་རེད་ཅེས་བཤད་པ་ལྟར་རང་རེད།

        རྟའུ་ཡི་བཀྲག་མདངས་དང་མཛེས་ཉམས་ཆེ་རུ་འགྲོ་ཆེད། ཕྱིན་ཆད་རྟའུ་རྫོང་གིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་སྐྲུན་པ་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས་ཤིང་། ཡོད་ཚད་ཡུལ་སྐོར་བའི་ཆེད་དང་། ཡུལ་སྐོར་ཁྲོམ་ར་སླར་གསོ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་ཞིང་། ཡུལ་སྐོར་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤུགས་ཡོད་རྒུས་སི་ཁྲོན་ནུབ་རྒྱུད་ཀྱི་སྐོར་ལམ་ཆུང་བ་དང་རྟའུ་དང་རོང་བྲག་བར་གྱི་ཡུལ་སྐོར་ལམ་ཐིག་ཡག་ཤོས་བསྐྲུན་ནས། ཁྲོམ་རའི་བྱེད་པོ་སྤུས་ཚད་མཐོན་པོ་ནང་འདྲེན་དང་། རིག་གནས་ཡུལ་སྐོར་ཐོན་ཁུངས་མུ་མཐུད་དེ་འོས་སྦྱོར་ཡག་པོ་བྱེད་ཅིང་ རྫོང་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། ཡུལ་སྐོར་བ་རྒྱ་ཆེན་ལ་རྟའུ་ཡི་བཀྲག་མདངས་དང་མཛེས་ཉམས་མྱོང་ཚོར་ཐུབ་པ་བྱ་དགོས།

        མཐིལ་ཚད་བརྟན་པོར་བསྲུངས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ཕུལ་བྱུང་བསྐྲུན་དགོས།

        ཞིང་གསུམ་ནི་སྔར་ནས་བཟུང་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཞིག་རེད། ད་ལོར། རྟའུ་རྫོང་གིས་དཔལ་འབྱོར་འཛུགས་སྐྲུན་ཁྲོད། ཞིང་ཆེན་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ཕུལ་བྱུང་བསྐྲུན་རྒྱུ་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས་ནས། སྲ་བརྟན་དང་རྒྱ་སྐྱེད། འབྲེལ་མཐུད་བཅས་ཀྱི་གནད་འགག་ཐུག་ས་གསུམ་ལ་དམ་པོར་དམིགས་ནས་དབུལ་པོ་བསྐྱར་ལོག་གི་མཐིལ་ཚད་བརྟན་པོ་སྲུང་བ་དང་འབྲུ་རིགས་ཉེན་མེད་འགན་ལེན་བྱེད་པ། ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ། ཡུལ་སྡེ་འཛུགས་སྐྲུན་བྱེད་པ། ཞིང་པའི་ཡོང་འབབ་མང་དུ་གཏོང་བ། གྲུབ་རྐྱེན་གཙོ་བོའི་ཁོར་ཡུག་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས6ནས་འགོ་བཙུགས་ཏེ་རྫོང་ཁོངས་ཞིང་ལས་ཀྱི་སྤུས་ཚད་མཐོ་ལ་ཕན་འབྲས་མཐོ་བ་དང་། ཞིང་སྡེ་གནས་འཕྲོད་ལས་འཚམ། ཞིང་པ་ཕྱུག་འབྱོར་ཡོང་བ་སྐུལ་ཤུགས་ཆེ་རུ་བཏང་ནས་རྫོང་ཡོངས་ཀྱི་ཞིང་གསུམ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།

        ད་ལོའི་ལས་ཀའི་གཙོ་གནད་གླེང་སྐབས། རྫོང་ཡུལ་སྡེ་དར་རྒྱས་ཅུས་ཀྱི་འགན་འཁུར་བས་བཤད་དོན། རྫོང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པར་བཏོན་པའི་བར་ཁྱམས་ལམ་གཅིག་དང་གླིང་ཁུལ་དགུ། རྟེན་གཞི་གསུམ་གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་རྒྱུན་འཁྱོངས་ནས། སྔར་ཡོད་ཀྱི་ཁུལ་དང་རྫོང་རིམ་པའི་གླིང་ཁུལ་སྐྲུན་པའི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་སྟེ་རྟའུ་ཡི་འབྲུ་སྣུམ་དེང་རབས་ཞིང་ལས་གླིང་ཁུལ་དེ་ཞིང་ཆེན་རིམ་པའི་གླིང་ཁུལ་དུ་བསྐྲུན་པ་དང་། སྐམ་ཞིང་དེང་རབས་ནགས་ལས་གླིང་ཁུལ་དང་ཞོག་ཁོག་དེང་རབས་ཞིང་ལས་གླིང་ཁུལ་གཉིས་ཁུལ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་བསྐྲུན་པའི་སྙན་སེང་འབུལ་དགོས། དེ་དང་མཉམ་དུ་སྟོབས་ཤུགས་བསྡུས་ནས་སྐྱེ་ཁམས་དང་འཚོ་སྡོད་ལ་འཚམ་ཞིང་། ཐོན་གསུམ་མཉམ་འདྲེས་ཀྱི་གྲོང་ཚོ7བསྐྲུན་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་བརྒྱ་གཉིས་ལས་གྲྭའི་གྲོང་ཚོ་སྤུས་ལེགས་དང་དཔེ་སྟོན་གྲོང་ཚོ7བསྐྲུན་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1