ཟླ་2ཚེས་20ཉིན་ནི་བོད་ཀྱི་ལོ་གསར་གནམ་གོང་རེད། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མོན་པ་ཤང་གི་བཀྲ་ཤིས་ཚེ་རིང་གི་ནང་མི་ཚང་མ་སྔ་པོ་ནས་ལངས་ཏེ་ལོ་གསར་གཏོང་བར་མཁོ་བའི་བཟའ་བཅའ་སྣ་ཚོགས་གྲ་སྒྲིག་བྱེད་འགོ་ཚུགས། འདི་ལོ་བཀྲ་ཤིས་ཚེ་རིང་གི་བུ་བསྟན་འཛིན་འཕྲིན་ལས་ཀྱིས་ལོ་གསར་གྱི་མཁོ་ཆས་ཉོ་བའི་ལས་འགན་འཁུར་ཡོད། ཁོང་ཉིད་ཉིན་ཤས་གོང་། ལྷ་སའི་བར་སྐོར་ཚོང་གྲོང་དུ་ལུག་མགོ་དང་གྲོ་མ་སོགས་ཉོས་ནས་ལོ་གསར་གྱི་མཁོ་ཆས་ཉོས་ཡོད། ས་གནས་དེ་གའི་གོམས་སྲོལ་ལྟར་ན། ནང་མི་ཚང་མས་བོད་བཟོའི་བཟའ་བཅའ་སྣ་ཚོགས་བཟོས་ནས་རྙིང་སྐྱེལ་གསར་བསུ་བྱེད་ཀྱི་ཡོད།
2022ལོར། བཀྲ་ཤིས་ཚེ་རིང་གི་བཟའ་མི་ཚང་མས་དབྱར་རྩྭ་དགུན་འབུ་བརྐོས་པ་དང་། ཇ་ཁང་གཉེར་བ། གཟན་ཆག་བཟོ་གྲྭ་གཉེར་བ་སོགས་ཀྱི་ཚོང་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི་50ལྷག་བྱུང་ཡོད། བཀྲ་ཤིས་ཚེ་རིང་གིས་ཚང་མའི་འཚོ་བ་ཇེ་ཡག་ནས་ཇེ་ཡག་འགྲོ་བཞིན་ཡོད་ཅེས་བཤད།