ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱུང་བར་གཞིགས་ན། ཟླ་2ཚེས་21ཉིན་གྱི་ནམ་གུང་གི་ཆུ་ཚོད་1དང་སྐར་མ་4ཡི་ཐོག་ཐུར་ཁེ(བྱང་གི་འཕྲེད་ཐིག་་ཏུའུ་36.10དང་ཤར་གྱི་གཞུང་ཐིག་ཏུའུ་36.05)རུ་ས་ཡོམ་རིམ་པ་6.3བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་10ཡིན་པ་རེད།
ཡོམ་ལྟེ་སྤྱི་ལེ་300ཡི་ཁྱབ་ཁོངས་ནང་གྲོང་ཁྱེར་ཆེ་འབྲིང་36ཡོད་པ་དང་། ཐག་ཉེ་ཤོས་ནི་ཧ་ཐ་དབྱི་ཞིང་ཆེན་ཨན་ཐ་ཅི་ཡ་གྲོང་ཁྱེར་ཡིན་ཞིང་། ཡོམ་ལྟེ་དང་བར་ཐག་སྤྱི་ལེ་16ཙམ་ཡོད། ཨན་ཐ་ཅི་ཡ་གྲོང་ཁྱེར་ཡང་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གིས་དེ་སྔོན་ཐུར་ཁེ་ལ་རོགས་སྐྱོར་བྱས་ནས་ས་འགུལ་རོགས་སྐྱོབ་བྱེད་པའི་གྲོང་ཁྱེར་ཡིན།