ཟླ་2ཚེས་23ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་བོད་ཀྱི་ཆུ་ཡོས་ལོའི་ལོ་གསར་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་ཐོག་རྩལ་འགྲན་དང་། མི་རིགས་ཀྱི་རྟ་རྒྱུག་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་རྟ་རྒྱུག་འགྲན་རར་འགོ་ཚུགས་པ་རེད། མཐོ་སྒང་གི་རྟ་པས་རྟ་ཕོ་རྟ་ལྕག་གིས་སྐུལ་ཏེ་སྲོལ་རྒྱུན་གྱི་ལུས་རྩལ་བྱེད་སྒོར་བརྟེན་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད། རྟ་ཐོག་རྩལ་འགྲན་ནི་བོད་དུ་བཀྲ་ཤིས་པ་དང་། དཔའ་ངར་ལྡན་པ། བློ་གྲོས་འཛོམས་པའི་མཚོན་རྟགས་ཤིག་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ལོ་རེའི་བོད་ཀྱི་ལོ་གསར་སྐབས་མི་རིགས་ཀྱི་སྲོལ་རྒྱུན་རྟ་ཐོག་རྩལ་འགྲན་དེ་གོམས་སྲོལ་ཞིག་ཏུ་གྱུར་ནས། རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།