དཔྱིད་རྨོད་ལས་ལ་འབད་ཞོར།། ནགས་ཚལ་མེ་འགོག་བྱེད་དོ།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 03-02



        ས་གཞི་ཆེན་མོར་དཔྱིད་ཀྱི་དཔལ་ཡོན་བཞད། གནམ་གཤིས་རིམ་བཞིན་ཇེ་དྲོར་སོང་བ་དང་བསྟུན་ནས། དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་ནགས་སྲུང་མེ་འགོག་གི་དུས་བབ་ཀྱང་ཉིན་བཞིན་ཛ་དྲག་ཏུ་ཕྱིན་ཡོད། ཉིན་ཤས་བསྟུད་མར་ཁྲོ་ཆུ་རྫོང་ས་སྟོད་གྲོང་རྡལ་གྱིས་སྐོར་གཡེང་དོ་དམ་ཚོད་འཛིན་དང་ཞིང་ཁར་དྲིལ་བསྒྲགས། གནད་འགག་བརྟན་སྲུང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དཔྱིད་དུས་ཀྱི་རྩྭ་ཐང་མེ་འགོག་ལས་དོན་ཏན་ཏིག་གིས་སྤེལ་ནས། ནུས་ཤུགས་ཡོད་རྒུས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས།  

        ཉེ་ཆར། ཁྲོ་ཆུ་རྫོང་ས་སྟོད་གྲོང་རྡལ་ཞང་ཞུང་གྲོང་ཚོའི་ནགས་སྲུང་བ་ལྷ་སྨན་ནམ་རྒྱུན་དང་འདྲ་བར་སྔ་མོ་ནས་ལས་རོགས་ཚོ་དང་མཉམ་དུ་རི་སྐོར་ལས་དོན་སྤེལ་མགོ་ཚུགས། ལྷ་སྨན་གྱིས་གསར་འགོད་པར་ང་ཚོས་ཉིན་ལྟར་རིར་བསྐྱོད་དེ་བཅར་འདྲི་དང་གྲལ་བཤེར་བྱེད་པ་དང་ཆབས་ཅིག་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་ཀྱང་བྱེད་ཀྱི་ཡོད།   

        དེ་དང་འདྲ་བར་ས་སྟོད་གྲོང་རྡལ་གྱི་གྲོང་ཚོ་ཁག་ཏུ་ཁྱབ་པའི་ནགས་སྲུང་བ་84ལས་གནས་ཐོག་བསྐྱོད་དེ་ས་ཁོངས་དང་ཡུག་ཁུལ་ཁག་བགོས་ནས་ནགས་རིའི་གཏིང་དང་ཞིང་ཁར་བསྐྱོད་དེ་གྲོང་མི་ཚོར་མེ་ཟོན་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།  

        ཤེས་རྟོགས་བྱུང་བར་གཞིགས་ན། ས་སྟོད་གྲོང་རྡལ་གྱི་ནགས་ཚལ་ཁྱབ་ཚད་63%ཡན་ཟིན་ནས་སྐྱེ་ཁམས་ཐོན་ཁུངས་ཡག་པོ་ཡོད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱ་ཆེད། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ནགས་ཚལ་མེ་ཟོན་ལས་དོན་སྤེལ་བ་དང་། ཁོངས་གཏོགས་ཁུལ་དྲིལ་བསྒྲགས་དང་སྐོར་ཞིབ་བྱེད་ཚད་ཆེ་རུ་བཏང་ནས་གྲོང་རྡལ་དེ་ཡོངས་ཀྱི་དཔྱིད་དུས་ནགས་ཚལ་མེ་ཟོན་བདེ་འཇགས་འགན་ལེན་བྱས།  

        གོམ་སྟབས་རྗེས་མར་གྲོང་རྡལ་དེས་དཔྱིད་དུས་ཀྱི་ནགས་ཚལ་མེ་འགོག་མེ་གསོད་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། ཆུ་ཚོད་24རིང་གི་ལས་རེས་བརྟན་སྲུང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཕྱི་རོལ་གྱི་མེ་ཁུངས་ལ་དོ་དམ་ནན་པོ་བྱེད་པ་དང་། མང་ཚོགས་ཀྱི་སྲིད་ཇུས་ལ་བརྟེན་ནས་མཉམ་འགོག་བྱ་ཤུགས་ཆེ་རུ་གཏོང་བ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་ཤུགས་ཆེ་རུ་གཏོང་བ། མཁོ་བསྟུན་གྲ་སྒྲིག་བྱ་ཤུགས་ཆེ་རུ་གཏོང་བ། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། ཉེན་ཟོན་ལྟ་སྐུལ་ཚོད་འཛིན་དང་འཕྲལ་སྡོམ་ལས་རེས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཁག་ལ་རི་སྐོར་སྐོར་ཞིབ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1