ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་2ཚེས་28ཉིན་གྱི་ཆུ་ཚོད་22དང་སྐར་མ་46གི་ཐོག །དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་4.8བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་8ཡིན་པ། ས་ཡོམ་བྱུང་ས་ནི་བྱང་གི་འཕྲེད་ཐིག་29.63དང་ཤར་གྱི་གཞུང་ཐིག་ཏུའུ་102.01ཐོག་ཡིན་པ་རེད།