ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཉམས་གསོའི་ལས་དོན་ལ་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-10


པར་འདི་ནི་ལག་རྩལ་མི་སྣས་ཡུལ་དངོས་སུ་སུ་གྲོང་མིར་སིལ་སྡོང་འདེབས་འཛུགས་ལག་རྩལ་མཛུབ་སྟོན་བྱེད་བཞིན་པའི་རྣམ་པ་རེད།

        “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱས་ནས་སྨར་ཁམས་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་སྲུང་ཡོལ་བསྐྲུན་ཡོད། ཉེ་སྔོན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་སྐྱེ་ཁམས་སྲུང་སྐྱོང་གི་ཚད་མཐའ་བརྟན་སྲུང་གི་རྨང་གཞིའི་ཐོག རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཉམས་གསོའི་བྱ་འགུལ་ཧུར་ཐག་སྤེལ་བ་དང་། སྨར་ཁམས་རྫོང་གི་ནགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་སྐྱེ་ཁམས་དར་སྤེལ་ཡོང་བར་རོགས་འདེགས་བྱས།

པར་འདི་ནི་མང་ཚོགས་ཀྱིས་སྡོང་ཕྲུག་དབོར་སྐྱེལ་བྱེད་བཞིན་པའི་རྣམ་པ་རེད།

        ཤེས་གསལ་ལྟར་ན། ཐེངས་འདིའི་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཉམས་གསོ་རྣམ་གྲངས་ནི་དུས་མཚམས་དང་པོ་ཡིན་ཞིང་། དེའི་རོང་སྨད་གྲོང་རྡལ་དང་ཆུ་ཚན་ཁ་ཤང་སོགས་ཤང་དང་གྲོང་རྡལ་དྲུག་ལ་ཀུ་ཤུ་དང་སེ་འབྲུ་མངར་མོ། སྦྲང་ཁམ། ཚ་ལུ་མ་སོགས་དཔལ་འབྱོར་ནགས་ཤིང་རྐང་ཁྲི4.6བགོ་འགྲེམ་བྱས་པ་དང་། བསྡོམས་པས་མ་འཇོག་སྒོར་ཁྲི400ལྷག་ཟིན་ཡོད། སྡོང་ཕྲུག་ཁྱིམ་ཚང་རེར་བགོ་འགྲེམ་གྱི་བྱེད་ཐབས་སྤྱད་ནས་ཁྱིམ་ཚང་རེའི་སྡོང་ཕྲུག་རྐང15རེ་བླངས་ནས་འདེབས་འཛུགས་བྱས།

པར་འདི་ནི་མང་ཚོགས་ཀྱིས་སྡོང་ཕྲུག་འཛུགས་བཞིན་པའི་རྣམ་པ་རེད།

        རོང་སྨད་གྲོང་རྡལ་གྲུ་ཁ་གྲོང་ཚོའི་གྲོང་མི་རིན་ཆེན་བཀྲ་ཤིས་ཀྱིས“དེ་རིང་ང་ཚོ་གྲོང་ཚོའི་ཨུ་ལྷན་དུ་ཡོང་ནས་སིལ་སྡོང་སྣ་མང་གི་སྡོང་ཕྲུག་བླངས་ཡོད་ཅིང་། ཆེད་ལས་དགེ་རྒན་གྱིས་སྡོང་ཕྲུག་འདེབས་འཛུགས་ལག་རྩལ་དམར་ཁྲིད་བྱས་ཡོད་པས། འདེབས་འཛུགས་བྱ་བ་ལེགས་འགྲུབ་ཡོང་བར་ཡིད་ཆེས་ཡོད”ཅེས་བཤད།

པར་འདི་ནི་མང་ཚོགས་ཀྱིས་སྡོང་ཕྲུག་དབོར་སྐྱེལ་བྱེད་བཞིན་པའི་རྣམ་པ་རེད།

        ས་ཁོངས་ནགས་སྐྲུན་ལྗང་སྒྱུར་གྱི་ལས་གཞི་བརྒྱུད་ནས་རི་ལྡེབས་ལྗང་སྒྱུར་དང་གནས་སྤོར་ལྗང་གསོ། ལངས་གཟུགས་ལྗང་སྣོན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། སྨར་ཁམས་རྫོང་གི་ལྗང་སྒྱུར་ཆུ་ཚད་མཐོར་འདེགས་སུ་ཕྱིན་ལ། བཞུར་རྒྱུན་གྱི་ཆུ་ཁོངས་གསོ་སྐྱོང་དང་རླུང་འགོག་བྱེ་བཅོས། ས་ཆུ་རྒྱུན་འཁྱོངས་སོགས་ཀྱི་ནུས་པ་ཇེ་མཐོར་ཕྱིན་ཡོད། དེ་དང་ཆབས་ཅིག དཔལ་འབྱོར་ནགས་ཤིང་གཞི་ཁྱོན་ཆེན་པོའི་ནང་འདྲེན་དང་འདེབས་འཛུགས་བྱས་པ་བརྒྱུད། མང་ཚོགས་ནགས་ཚལ་དང་རྩྭ་ཐང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་ཧུར་ཐག་རང་བཞིན་སྔར་བས་ཆེ་རུ་བཏང་ནས། རོང་འབྲོག་པའི་ཡོང་འབབ་དངོས་གནས་ཇེ་མང་དུ་ཕྱིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1