སྒོ་ཁྲལ་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-13


        ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་10ཉིན། པར་ཙིར་གྱི་ཙུང་ཐུང་གཞོན་པ་ཨར་ཁེ་མིང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད། ཚེས་10ཉིན་ནས་བཟུང་པར་ཙིར་གྱིས་ཚོང་ཟོག་ནང་འདྲེན་གྱི་སྒོ་ཁྲལ་དྲུག་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཚོང་ཟོག་དྲུག་པོ་དེའི་ནང་བཟོ་དབྱིབས་མི་འདྲ་བའི་ངར་ལྕགས་རྒྱུ་ཆ་རིགས་གཉིས་དང་། ཧ་ཡང་གི་པང་ལེབ་རིགས་གཉིས། ཁྲག་ཤེད་དང་འཕར་རྩ་འཇལ་བྱེད་ཀྱི་ལག་གདུབ། དེ་བཞིན་རཱ་ཏར་གནམ་སྐུད་སོགས་ཚུད་ཡོད།

        ཨའར་ཁེ་མིང་གིས་བཤད་དོན། དེ་གོང་གོང་གསལ་ཚོང་ཟོག་གི་ནང་འདྲེན་སྒོ་ཁྲལ་12%ནས་16%བར་མི་འདྲ་བ་དང་། སྲིད་གཞུང་གིས་སླད་ཕྱིན་དུས་སྐབས་ཤིག་རིང་ཚོང་ཟོག་དེ་རིགས་ལ“སྒོ་ཁྲལ་མི་བསྡུ་བའི”སྲིད་ཇུས་ལག་ལེན་བསྟར་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1