༄༅།།གཏེར་ལམ་བང་སོ་གནའ་ཤུལ་རྒྱལ་ཁབ་གནའ་ཤུལ་སྤྱི་གླིང་དུ་བདམས་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 03-14


རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྐོར་བཞི་པའི་རྒྱལ་ཁབ་གནའ་རྫས་བརྟག་དཔྱད་ཤུལ་བཞག་སྤྱི་གླིང་གི་རྣམ་གྲངས་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། གཏེར་ལམ་བང་སོ་གནའ་ཤུལ་རྒྱལ་ཁབ་ཀྱི་སྐོར་བཞི་པའི་རྒྱལ་ཁབ་གནའ་རྫས་བརྟག་དཔྱད་ཤུལ་བཞག་སྤྱི་གླིང་གི་རྣམ་གྲངས་མིང་ཐོ་ནང་ཚུད། རྒྱལ་ཁབ་ཀྱི་གནའ་རྫས་བརྟག་དཔྱད་ཤུལ་བཞག་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་རིན་ཐང་འགྲེལ་བཤད་པ་དང་ཀྲུང་ཧྭའི་དཔལ་ཡོན་གྱི་ས་རྒྱུས་མཚོན་བྱེད་གལ་ཆེན་ཡིན་པ་དང་།  གནའ་རྫས་བརྟག་དཔྱད་གྱི་གྲུབ་འབྲས་ལ་སྤོ་བསྒྱུར་དང་ཤུལ་བཞག་རིག་གནས་རྒྱུན་འཛིན། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་སོགས་བརྒྱུད་དེ་ཕུན་སུམ་ཚོགས་པའི་སྤྱི་སྤྱོད་རིག་གནས་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པ་མ་ཟད། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ངེས། སྐོར་བཞི་བའི་རྒྱལ་ཁབ་ཀྱི་གནའ་རྫས་བརྟག་དཔྱད་སྤྱི་གླིང་གི་དཔྱད་འདེམས་བྱ་བ 2022ལོའི་ཟླ4པ་ནས་སྤེལ་མགོ་བརྩམས་པ་དང་།  ཐོག་མའི་གནའ་ཤུལ་ལས་ཁུངས31ཏུ་དཔྱད་འདེམས་བྱེད་པ་དང་རྣམ་གྲངས་ཡར་ཞུ་བྱེད་པའི་ལས་ཁུངས62ཁྲོད་མཐའ་མཇུག་དཔྱད་འདེམས་ལས་ཁུངས19དང་རྣམ་གྲངས་ཡར་ཞུ་བྱེད་པའི་ལས་ཁུངས32གཏན་ཁེལ་བྱས། མིག་སྔར། རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་གནའ་རྫས་བརྟག་དཔྱད་ཤུལ་བཞག་སྤྱི་གླིང55དང་། རྣམ་གྲངས་བཙུགས་པའི་ལས་ཁུངས80བཅས་ཡོད། གཏེར་ལམ་བང་སོ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་ཚ་ཆུ་ཤང་གི་ཁོངས་སུ་ཆགས་ཡོད་པ་དང་།  དུས་རབས་དྲུག་པ་ནས་དུས་རབས་བརྒྱད་པའི་བར་གྱི་བང་སོ་གལ་ཆེན་དག་ཡིན། བང་སོ་ནང་རིག་གནས་མང་པོ་གསར་རྙེད་བྱུང་།  ཉེ་བའི་ལོ་འགའི་རིང་གཏེར་ལམ་བང་སོར་ཚན་རིག་གི་གནའ་རྫས་བརྟག་དཔྱད་དང་སྔོག་འདོན། སྲུང་སྐྱོང་བྱས་པ་བརྒྱུད། རིག་གཞུང་ཐད་ཀྱི་ཚ་རླབས་ཤིག་རྒྱས་བཞིན་ཡོད་པ་དང་།  རིག་གནས་པའི་སྡེ་ཡིས་དོ་སྣང་ཆེན་པོ་ཐོབ་བཞིན་ཡོད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1