ཉེ་ལམ། ཆུ་ཆེན་རྫོང་གི་ས་མུའུ་སྟོང་ལྷག་གི་རི་ཀླུང་ལ་ལི་སྡོང་མེ་ཏོག་རྣམ་པར་བཞད། དཔྱིད་རླུང་དང་ཉི་འོད་ཀྱི་བྱམས་བརྩེ་འོག་ལི་སྡོང་མེ་ཏོག་གི་དྲི་བསུང་གང་སར་ཁྱབ་ཅིང་བཀྲག་མདངས་བཀྲ། པདླའི་ཚལ་ལ་སྦྲང་མ་འཁོར་བ་བཞིན་ཡུལ་འདིར་ལི་སྡོང་མེ་ཏོག་གི་མཛེས་པ་ལ་རོལ་མྱོང་བྱེད་དུ་ཡོང་མཁན་གྱི་ཡུལ་སྐོར་བའང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་འདུག །