རྒྱ་ལོའི་བཅོ་ལྔའི་དུས་ཆེན་སྐབས་སུ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་སླར་ཡང་རབ་ཏུ་བཞད་ཅིང་། མེ་ཏོག་མཆོད་པ་ནི་དམིགས་བསལ་རྣམ་པའི་འཇིམ་བརྙན་སྒྱུ་རྩལ་ཅིག་ཡིན་ཞིང་། དེའི་ནང་གཏེར་རྒྱུའི་ཚོན་རྫས་བླུགས་པའི་མར་དཀར་རྒྱུ་ཆར་བྱས་ནས་སྒྱུ་རྩལ་གྱི་བཟོ་དབྱིབས་སྤུས་ལེགས་སྣ་ཚོགས་སྐྲུན་ཡོད། མེ་ཏོག་མཆོད་པ་བཞེངས་སྐབས་ངེས་པར་དུ་དགུན་དུས་དྲོད་ཚད་དམའ་བའི་དུས་སུ་བཟོ་དགོས། ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔའི་སྔོན་ལ་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་གྲང་ངར་ཆེ་བའི་ཁང་པའི་ནང་མེ་ཏོག་མཆོད་པ་བཞེངས་ནས། མིའི་ལུས་པོའི་དྲོད་ཚད་ཀྱི་ཤུགས་རྐྱེན་ལས་མར་ཞུ་བར་སྔོན་འགོག་བྱ་ཆེད། ལག་རྩལ་དགེ་འདུན་པ་ཚོས་ལག་པ་འཁྱགས་ཆུའི་ནང་བཞག་ནས་དྲོད་འབེབས་བཞིན་ཡོད། ད་ལྟ། ལག་རྩལ་ཤེས་ལྡན་པས་མི་རབས་ནས་མི་རབས་བར་གྱི་དཀའ་སྤྱད་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད། མེ་ཏོག་མཆོད་པར་ལོ་རེར་གསར་གཏོད་ཡོད་པ་དང་། ནང་དོན་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། ལག་རྩལ་དང་སྒྱུ་རྩལ་སྔར་ལས་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད་པ་རེད། །
སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ།
མེ་ཏོག་མཆོད་པ་བཞེངས་བཞིན་པ།
མེ་ཏོག་མཆོད་པ་བཞེངས་བཞིན་པ།
མེ་ཏོག་མཆོད་པ་བཞེངས་བཞིན་པ།
མེ་ཏོག་མཆོད་པ་བཞེངས་བཞིན་པ།
མེ་ཏོག་མཆོད་པ་བཞེངས་བཞིན་པ།
མེ་ཏོག་མཆོད་པ།
མེ་ཏོག་མཆོད་པ།
མེ་ཏོག་མཆོད་པ།