དཔྱིད་ཀྱི་དཔལ་མོ་སྡེ་རོང་ཡུལ་དུ་ཕེབས། ཁམ་བུའི་མེ་ཏོག་འཛུམ་ཞལ་ལྷུག་པོར་གྲོལ། སྤྱི་ཟླ་3པའི་ཚེས་27ཉིན་གྱི་སྔ་དྲོར། “དྭངས་ཤིང་གཙང་བའི་དཀར་མཛེས། མེ་ཏོག་བཞད་པའི་སྡེ་རོང་”ཞེས་པའི་ཁམ་བུའི་མེ་ཏོག་གི་དུས་ཚིགས་དང་རྒུམ་ཆང་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་དང་འབྲེལ་བའི་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་དེ་སྡེ་རོང་རྫོང་སྤུན་གསུམ་གྲོང་རྡལ་དུ་སྤེལ་བ་རེད།
རིག་རྩལ་འཁྲབ་སྟོན།
ཁམ་ལྷའི་ལྷ་མོས་སྒེག་ཉམས་སྟོན་བཞིན་པ།
བྱེད་སྒོའི་ཡུལ་དངོས་སུ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཤོག་འཆམ་དང་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྡེ་རོང་སྐོར་བྲོ། དེ་མིན་སྲོལ་རྒྱུན་པི་ཝང་སོགས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་སྤེལ་བར་མ་ཟད། མཛེས་ཤིང་མཛངས་པའི“ཁམ་ལྷའི་ལྷ་མོ”26གིས་གར་སྟེགས་ཐོག་རིག་རྩལ་འཁྲབ་སྟོན་དང་སྒེག་ཉམས་སྟོན་པས། རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་དང་ཡུལ་མི་སྤུན་ཟླ་ཚོའི་མིག་དབང་དང་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་ཐལ་མོའི་རྡེབ་སྒྲས་ཡོངས་སུ་ཁེངས།
ཁམ་ལྷའི་ལྷ་མོ་གསུམ།༼གཡོན་ཨང་གསུམ་པ། དཀྱིལ་ཨང་དང་པོ། གཡས་ཨང་གཉིས་པ༽
ཉིན་དེར། ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་བརྒྱུད། མཛེས་ཤིང་མཛངས་པའི“ཁམ་ལྷའི་ལྷ་མོ”ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་རེ་རེ་དང་། ཆེས་ལེགས་བྱ་དགའ་དང་ཕུལ་བྱུང་བྱ་དགའ་ཐོབ་མཁན་ལྔ་རེ་བདམས་ཐོན་བྱུང་ཡོད་ལ། “ཁམ་ལྷའི་ལྷ་མོ”འདི་དག་ལ་སྡེ་རོང་རྫོང་ནང་ཁུལ་གྱི་ཁེ་ལས་སོ་སོའི་རོགས་དངུལ་སྤྲོད་རྒྱུ་དང་། སྡེ་རོང་གི་འཐུས་ཚབ་བྱས་ནས་དཀར་མཛེས་ཁུལ་གངས་དཀར་སྒྱུ་རྩལ་དུས་ཆེན་གྱི་འབྲེལ་ཡོད་ཡག་འདེམས་འགྲན་སྡུར་ལའང་ཞུགས་རྒྱུ་རེད། །
བྱེད་སྒོའི་ཡུལ་དངོས།