ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པའི་འགོ་ཚུགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་འཚོགས་པ་དང་། 2018ལོར་ཉིང་ཁྲིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་མི་ཐེངས་ཁྲི713.5སྣེ་ལེན་ཞུས་པ་དེ་ལོ་སྔོན་མའི་དུས་མཚུངས་ལས37.56%འཕར་ཡོད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུར་སྐུལ་འདེད་ཆེན་པོ་བཏང་ཞིང་། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་གྱི་ནུས་པ་ཐོན་ཡོད།།