མཚོ་སྔོན་གྱིས་བོད་སོག་གསོ་རིགས་ཀྱི་སྨན་སྦྱོར་དཀར་ཆག་བཟོས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-18


        གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས(སོག་ལུགས)གསོ་རིགས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་གྱི་སྨན་བཅོས་འགན་བཅོལ་དཀར་ཆག》བཟོས་ནས་དཔར་འགྲེམས་བྱས་ཏེ། བོད་ལུགས(སོག་ལུགས)གསོ་རིགས་ཀྱི་སྨན་བཅོས་སྒྲིག་གཞིའི་ནང་ཁུལ་ནས་བཟོས་པའི་སྨན་སྦྱོར་རིགས་492སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཅིང་། རྒྱལ་ཡོངས་སུ་སྔོན་ལ་བོད་ལུགས(སོག་ལུགས)གསོ་རིགས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་བྱ་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། སྨན་སྦྱོར་གྱི་དཀར་ཆག་བཟོ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས(སོག་ལུགས)གསོ་རིགས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་གྱི་མིང་ཚད་ལྡན་མེད་པ་དང་། ཚད་གཞི་གཅིག་གྱུར་མེད་པ།  སྨན་སྦྱོར་རིགས་ཉུང་བ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་འཛུགས་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། སྨན་སྦྱོར་གྱི་དཀར་ཆག་གིས་གཞི་རྩའི་སྨན་བཅོས་འགན་བཅོལ་ནུས་པའི་ངེས་གནས་དང་ཟུང་འབྲེལ་བྱས་ཐོག ལུས་གསོ་དང་ལུས་ཁམས་བདེ་སྲུང་སོགས་སྨན་བཅོས་རང་བཞིན་མིན་པའི་སྨན་སྦྱོར་ཕུད། མཐར་ནད་ཐོག་སྨན་བཅོས་ཐད་སྤྱོད་ཚད་མང་བ་དང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཡོངས་ཁྱབ་ངང་སྤྱོད་པའི་སྨན་བཅོས་རང་བཞིན་གྱི་སྨན་སྦྱོར་རིགས་492ཀྱི(ཚད་གཞིའི་རིགས་2763དང་སྨན་རིགས7)སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ་དེས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས(སོག་ལུགས)གསོ་རིགས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་གྱི71.4%བཟུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས(སོག་ལུགས)གསོ་རིགས་ཀྱི་སྨན་བཅོས་སྒྲིག་གཞིའི་ནད་ཐོག་སྨན་བཅོས་ཀྱི་རྒྱུན་སྤྱོད་སྨན་སྦྱོར་ཁག་ལ་ཁྱབ་ཁར། གང་དེས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་དང་ལྷག་པར་དུ་གཞི་རིམ་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་མཁོ་བའི་ནད་ཐོག་སྨན་བཅོས་ཀྱི་སྨན་སྦྱོར་སྤྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད།

        སྨན་སྦྱོར་གྱི་དཀར་ཆག་ནང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་སྲིད་ཇུས་ཁ་གསལ་བཟོས་ཡོད་པ་དང་། སྨན་རིན་བསྡོམས་རྩིས་རྒྱག་སྐབས་སྨན་སྦྱོར་གྱི་རིན་གོང་དེ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་ལས་མཐོ་བ་ཡོད་ཚེ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་དང་། ཚད་ལས་བརྒལ་བའི་ཆ་དེ་ནད་པ་མི་སྒེར་གྱིས་སྤྲོད་རྒྱུ། སྨན་སྦྱོར་གྱི་རིན་གོང་དེ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་ལས་དམའ་བ་ཡོད་ཚེ། དངོས་སུ་རིན་གོང་གཏན་འཁེལ་བྱས་པ་ལྟར་ལག་ལེན་བསྟར་དགོས།  ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་ལས་ཁུངས་དང་གྲོང་ཁྱེར(ཁུལ)གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཆོག་མཆན་ཐོབ་པའི་སྨན་སྦྱོར་བྱ་རུང་བའི་རིགས་ལ་སྨན་ཁང་ནང་ཁུལ་གྱི་སྨན་སྦྱོར་ལ་གོ་རིམ་ལྟར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ལ་ཐོ་འགོད་སྙན་སེང་ཞུས་རྗེས་སྨན་བཅོས་འགན་བཅོལ་ཐེབས་རྩས་སྲིད་ཇུས་ཀྱི་གཏོང་སྤྲོད་བྱ་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1