༡. གོང་ན་ཕུ་བོ་ཆེ་བཞི་ནི། ཕྱ་ལྷ་ཚངས་པ་རྡོ་རྗེ་དགྲ་འདུལ། འབྲི་གཉན་འདོང་རྡོ་རྗེ་བློ་གྲོས། གཙང་ལེ་ཏི་རྡོ་རྗེ་ཆེ་ཡག ཟླའི་ཕོ་ཉ་རྡོ་རྗེ་ལྕགས་འཕུར་བཅས་བཞི་དང་། འོག་ན་ནུ་བོ་ཆུང་བཞི་ནི། ཀོང་པོའི་རྡོ་རྗེ་གཞོན་ནུ། ཚ་བའི་རྡོ་རྗེ་དྲིལ་དཀར། ཉག་བྲེའི་རྡོ་རྗེ་གུར་མགོན། ཙང་གི་རྡོ་རྗེ་ཁྲོ་མདོ་སྟེ་འོག་གི་ནུ་བོ་ཆུང་བཞི་དང་། སྨར་ལོ་རྡོ་རྗེ་ངང་དཀར་དང་དགུའོ།།
༢. 《ཆོས་ཀྱི་རྣམ་གྲངས་མཐོང་བ་ཀུན་འདུས》ལས། བོད་ཡུལ་སྤྱིའི་རི་དབང་འཛིན་ཁ་དྲག་སྤྱི་བཙན། འབྲི་རྐེད་གླིང་དྲུག་རི་དབང་ཙམ་གཉན་སྨྲི་ཏི། བྱང་འབྲོག་གླིང་དྲུག་རི་དབང་དོ་ཡོ་གཉན་པོ། བོད་ཁམས་གླིང་དྲུག་རི་དབང་སྤྲམ་ཆེན་ཧ་ཏི། ལེ་སྟོད་སྨར་ཤོད་རི་དབང་མོ་ལྷ་ངང་པ། བུ་འབོར་སྟོད་ཀྱི་རི་དབང་ལྡམ་ཆེན་རྩི་ར། འབྲི་སྟོད་གླིང་དགུའི་རི་དབང་ཀོལ་ཆེན་ཅི་པ། ལེ་སྨད་རྒྱུད་ཀྱི་རི་དབང་བྲག་དམར་སྟག་རྩེ། ཟླ་ཆུ་རྒྱུད་ཀྱི་རི་དབང་ཡོ་གེ་གཉན་པོ་དང་དགུར་འདོད་དོ་ཞེས་གསུངས་སོ།།