སྡེ་དགེ་རྫོང་སྲིད་གྲོས་ཨུ་ཡོན་ནམ་གཞི་རིམ་ཁྲིམས་རས་དམངས་ཀྱི་ཆེད་དུ་ཁྲིམས་སྐྱོང་བ།

ལྷ་མཚོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-23


        མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་བསྐྱོད་དེ་སྡེ་དགེ་རྫོང་སྲིད་གྲོས་ཨུ་ཡོན་ནམ་གཞི་རིམ་ཁྲིམས་རས་ཞིང་འབྲོག་མང་ཚོགས་ལ་ཁྲིམས་སྐྱོང་གི་ལག་རྟགས་ཆེན་པོ་སྤྲད་ཅིང་།     བསིལ་ཞིང་འཇམ་པའི་དཔྱིད་རླུང་དྲོན་མོ་ཞིག་སྡེ་དགེའི་ཡུལ་ལུང་གཉིས་ལ་གསོན་ཤུགས་རྣམ་པར་རྒྱས་བཞིན་པའི་ཡུལ་སྡེ་རེ་རེར་ལྡང་བྱུང་། དཔྱིད་ཀྱི་དཔལ་ཡོན་རྣམ་པ་བཀྲ་བའི་དུས་ཚིགས་འདི་འདྲ་ཞིག་ལ། བསིལ་རླུང་ལས་ཀྱང་མི་སེམས་དྲོད་པར་བྱེད་པ་ནི་སྡེ་དགེ་རྫོང་སྲིད་གྲོས་ཨུ་ཡོན་ནམ་གཞི་རིམ་ཁྲིམས་རས་མང་ཚོགས་ཀྱི་རྩོད་གཞི་ཐག་གཅོད་གང་ལེགས་བྱས་ཏེ། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་།  གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་ཆེས་མདུན་གྲལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་ཆར། སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གི་མ་ཎི་གད་འགོ་མི་དམངས་ཁྲིམས་རའི་སྲིད་གྲོས་ཨུ་ཡོན་ཡ་དེང་ཤང་དུ་སྐོར་སྐྱོད་འདྲི་གཅོད་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་ཕྱིན་ཏེ། ཡུལ་དངོས་སུ་བཅའ་ཁྲིམས་བློ་འདྲི་དང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་མང་ཚོགས་ལ་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱས།

        སྡེ་དགེ་ཁྲིམས་ཁང་གི་མ་ཎི་གད་འགོ་མི་དམངས་ཁྲིམས་རའི་སྲིད་གྲོས་ཨུ་ཡོན་གྱིས་དམངས་ཆེད་ཁྲིམས་འཛིན་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ནན་ཏན་འདྲི་གཅོད་ལས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་བཙུགས་ནས་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཡར་སྐུལ་བཏང་ཡོད།

        ཡུལ་དངོས་སུ་མ་ཎི་གད་འགོ་མི་དམངས་ཁྲིམས་རའི་འགོ་འཛིན་པའམ་རྫོང་སྲིད་གྲོས་ཨུ་ཡོན་ཞུང་ཝུན་ཅུན་གྱིས་ཆ་སྒྲིག་དུད་ཚང་སྒྲིག་འཛུགས་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ཏེ། ཆ་སྒྲིག་གཉེན་ཉེ་ཚོར་ཁྲིམས་སྐྱོང་གི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།  གཅིག་ནི་གཉེན་སྒྲིག་ཁྱིམ་ཚང་དང་ལོ་ན་མ་སོན་པའི་བུ་ཕྲུག་གསོ་སྐྱོང་བྱེད་པའི་སྐོར། གཉེན་སྒྲིག་བྱས་མེད་པས་ཕྲུ་གུ་སྐྱེས་པ་དང་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་སྐྱེས་རྗེས་གསོ་སྐྱོང་གི་འོས་འགན་གཏན་ནས་མི་འཁུར་བ་སོགས་ཀྱི་རྣམ་པར་དམིགས་ཏེ།  དམངས་དོན་དང་ཉེས་དོན་ཕྱོགས་མང་པོའི་ཐད་ནས་འགྲེལ་བཤད་རྒྱག་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ།  ཁྲིམས་ལྟར་ཁྱིམ་ཚང་གི་འགན་འཁུར་བ་དང་།  བུ་ཕྲུག་གསོ་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་འཁུར་བ།  བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱ་དགོས། གཉིས་ནི་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་གི་སྐོར།  བྱེ་རྡོ་སྔོག་འཚོལ་དང་།  ནགས་ཤིང་གཅོད་པ།  རི་དྭགས་རྔོན་རྒྱག་པ་སོགས་ཀྱི་གྱོད་དཔེ་ལ་གཞིགས་ནས་ཞིང་འབྲོག་མང་ཚོགས་ལ་སྐྱེ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་ཤིང་།  སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ནས། སྐྱེ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་དགོས།  གསུམ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྐོར། ཞིང་འབྲོག་མང་ཚོགས་ལ་ཁྲིམས་བཞིན་ཐོན་སྐྱེད་དང་། ངལ་རྩོལ་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱ་དགོས་པའི་སློབ་སྟོན་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་དོན་དག་གང་ཞིག་སྒྲུབ་ཆོག་མིན་ལ་ཤེས་རྟོགས་ཐུབ་པའི་ཁྲིད་སྟོན་བྱས་པ་དང་།   རྩོད་གཞི་བྱུང་ཚེ་ཇི་ལྟར་བསྒྲུབ་དགོས་པ་དང་།  མང་ཚོགས་ཀྱིས་ཁྲིམས་ལྟར་རྩོད་གཞི་ཐག་གཅོད་དང་།  དམངས་ཀྱི་གོམས་སྲོལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བར་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས།  སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བཅས་བྱ་དགོས་པའི་ནན་བཤད་བྱས།

        ད་ཐེངས་ཀྱི་ཁྲིམས་རའི་བྱེད་སྒོ་སྐོར་སྐྱོད་འདྲི་གཅོད་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྐྱོད་པ།  ཁྲིམས་སྐྱོང་དྲིལ་བསྒྲགས་བཅས་གཞི་གཅིག་ཅན་དུ་བྱས་ནས།  མཐུན་སྒྲིལ་གྱི་སྐད་སྒྲ་དེ་རི་ཁུལ་དང་གྲོང་གསེབ་ཀུན་ཏུ་ཁྱབ་པ་དང་།  ཁྲིམས་སྐྱོང་གི་མེ་ཏོག་དེ་གནས་མཆོག་སྡེ་དགེ་ཡོངས་སུ་ཁྱབ་པས།  མི་སེར་གྱི་ཚད་མཐོའི་དོ་ཁུར་དང་ཁས་ལེན་གང་ལེགས་ཐོབ་ནས། ཁྲིམས་འཛིན་གྱི་དབང་གྲགས་དང་།  ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད། མི་དམངས་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1